《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས།

གཙོ་གནད་དང་དཀའ་གནད་ལ་དམིགས་ནས་ སྡོད་མལ་ཁོར་ཡུག་ལ་བཅོས་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཤར་ཚུན་སྨར་ཁམས་རྫོང་གིས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་ཧུར་ཐག་བྱས་ནས་གྲོང་ཚོའི་རྣམ་པ་དང་། འཚོ་བའི་གད་སྙིགས། བཙོག་ཆུ། གསང་སྤྱོད། གྲོང་ཚོ་འཆར་འགོད་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ཐད་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་པས་ཕན་འབྲས་བཟང་པོ་ཐོན་ཡོད།

“གྲོང་ཚོས་བསྡུ་རུབ་དང་གཙང་སེལ ”དང་“གྲོང་ཚོས་བསྡུ་རུབ་དང་ཤང་གིས་གཙང་སེལ”“གྲོང་ཚོས་བསྡུ་རུབ་དང་། ཤང་གིས་དབོར་འདྲེན། རྫོང་གིས་གཙང་སེལ”བཅས་ཀྱི་རྣམ་པ་བརྒྱུད། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་52སུ་འཚོ་བའི་གད་སྙིགས་གཙང་སེལ་བྱས་པ་དང་། གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་191སྒྲིག་སྦྱོར་དང་གཙང་སྦྲ་བྱེད་མཁན་389བཀོད་སྒྲིག་བྱས་པ། རྫོང་དེ་ཡོངས་ཀྱི་གྲོང་ཚོ་5རུ་ཆུ་དང་། གསང་སྤྱོད། ཐབ་ཚང་བཅས་སྒྱུར་བཀོད་ཀྱི་ལས་འགན་ལེགས་གྲུབ་ཟིན་པ། རྫོང་སྲིད་གཞུང་གནས་སའི་སྒར་ཐོག་གྲོང་རྡལ་གྲོང་ལྷན་དང་། ཟླ་ཤོད་གྲོང་ཚོ། གྲུ་ཁ་གྲོང་ཚོ་བཅས་ཀྱིས་བཙོག་ཆུ་མདོང་ལམ་སྒྲིག་བཀོད་ཀྱི་ལས་དོན་ལེགས་གྲུབ་ཟིན་ཡོད། འདི་ལོའི་ལོ་སྟོད་དུ་རྫོང་དེ་ཡོངས་ཀྱིས་ཆུ་ལམ་སྣ་ཚོགས་ཀྱི་རིང་ཚད་སྤྱི་ལེ་30ལྷག་ཙམ་གཙང་སེལ་བྱས་པ་དང་ཆུ་ལམ་གྱི་འདམ་རྫབ་རྒྱ་དཔངས་གྲུ་བཞི་2000ལྷག་ཙམ་གཙང་སེལ་བྱས་ཡོད།