《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

སྒྱུར་བཀོད་ཡག་ཤོས།

ད་ཐེངས་ཀྱི་སྒྱུར་བཀོད་རྣམ་གྲངས་ནང་གཞུང་ལམ་སྒྱུར་བཀོད་དང་། ཆུ་མཁོ་སྤྲོད་དང་བཤངས་འབུད་མདོང་ལམ་སྒྱུར་བཀོད། འོད་འགྱེད་གློག་སྒྲོན་སྒྲིག་བཀོད། གློག་དྲ་སྒྱུར་བཀོད། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་གསར་སྐྲུན། བུ་བཅོལ་ཁང་། མཉམ་སྡེབ་དཔལ་འབྱོར་ཚོང་དོན་ཐོག་ཁང་སོགས་ཚུད་པ་དང་རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་ཁྲི་9046.49བཏང་བ་རེད། ད་ཐེངས་ཀྱི་སྒྱུར་བཀོད་དེའང་སྡེ་ཁུལ་བཙུགས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་དང་འབྲེལ་རྒྱ་ཆེ་ཤོས་ཀྱི་སྒྱུར་བཀོད་བྱེད་ཐེངས་ཤིག་ཡིན་པས་སྲང་ལམ་དང་ཁྱིམ་ཚང་ཚང་མ་དང་འབྲེལ་བ་ཡོད་པ་རེད། ↓འདི་ནི་དུས་འགོའི་སྡེ་ཁུལ་གྱི་གཞུང་ལམ་སྒྱུར་བཀོད་ལས་ཡུལ་ཡིན་པ།