《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཆུ་སྙིགས་བརྒལ་དགོས་མ་བྱུང་བ།

སྒྱུར་བཀོད་མ་བྱས་གོང་། མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་མདོང་ལམ་ཕལ་ཆེ་བ་ལོ་མང་ཉམས་གསོ་བྱུང་མེད་པའི་ཁར་མདོང་ལམ་གྱི་ཁ་ཞེང་ཆུང་བས་མདོང་ལམ་གས་ཏེ་བཙོག་ཆུ་ས་ངོས་སུ་འཁྱིལ་གྱི་ཡོད། དེའི་ཁར་སྲང་ལམ་གུ་དོག་པ་དང་ལམ་ངོས་ཁོད་མི་སྙོམས་པས་ཆར་དུས་ཆུ་མང་པོ་འཁྱིལ་ནས་སྡེ་ཁུལ་གྱི་གྲོང་མི་རྟག་ཏུ་ཆུ་སྙིགས་བརྒལ་དགོས་ཀྱི་ཡོད། གཞན་ཡང་། སྡེ་ཁུལ་ནང་གི་གློག་སྐུད་སྣ་ཚོགས་སྣོལ་འདྲེས་བྱས་པས་གངས་ཆར་འབབ་སྐབས་རྟག་ཏུ་ལྗོན་ཤིང་ལ་གློག་འཁྱུད་པའི་དབང་གིས་ཉེན་ཁ་ཆེན་པོ་བཟོས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་མངོན་མེད་རྐྱེན་ངན་ཚབས་ཆེན་བཟོ་གི་ཡོད། ↑འདི་ནི་སྒྱུར་བཀོད་མ་བྱས་གོང་གི་སྡེ་ཁུལ་ཡིན་པ།