《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

གྲོང་གསར་གྱི་རྣམ་པ།

རྣམ་པ་གསར་པ། མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་ནི་གྲོང་ཁྱེར་ལྟེ་གནས་ཉེ་འཁོར་དུ་གནས་པ་དང་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་0.46ཟིན་ཞིང་། སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་1983ལོར་བསྐྲུན་པ་ནས་བཟུང་ད་བར་ལོ་30ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རེད། ད་ཆ་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་དུ་སྐྱོད་སྐབས་ཡངས་པའི་ཨར་འདམ་ལམ་དང་གྲལ་སྟར་འགྲིག་ལ་ཁྲ་ཐིང་ཐིང་གི་ལམ་སྒྲོན་སྟར་པ་རེ་རེ་བཞིན་འདྲེན་བྱེད་དུ་འཆར་རྒྱུ་ཡོད་པ་དེ་དག་ནི་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱས་པ་ལས་བྱུང་བ་དང་། ལོ་30ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་སྡེ་ཁུལ་རྙིང་པ་དེའི་རྣམ་པ་གསར་རྐྱང་བརྗེས་ནས་སྡེ་ཁུལ་གྱི་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་ཆེས་ཆེར་ཕྱིན་པ་དང་སྡོད་གནས་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། ལྷག་པར་དུ་མང་ཚོགས་ལ་ལོ་མང་རིང་དཀའ་ངལ་བཟོས་པའི་འཐུང་ཆུ་དང་གློག་གི་གནད་དོན་ཐག་གཅོད་ཐུབ་ནས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་མི་དམངས་བདེ་སྡོད་ལས་བརྩོན་བྱུང་ཡོད་པ་རེད། ← འདི་ནི་སྒྱུར་བཀོད་བྱས་རྗེས་ཀྱི་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ཟུར་ཞིག་ཡིན་པ།