《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཁྲེང་ཀོན་ཆུས་བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུས།

“བསམ་འདུན་ཆུང་ངུའི་ཐེབས་རྩར”བརྟེན་ ནས་ཏང་ཡོན་ལ་དྲོ་སྐྱིད་སྦྱིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས། ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལས་དོན་དང་ཟུང་འབྲེལ་བྱ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་ཁོངས་གཏོགས་ཁུལ་ནང་གི་ཚན་པའི་ལས་ཐོག་ཏང་ཡོན་དང་མཉམ་དུ་གྲོས་མོལ་བྱས་པ་བརྒྱུད། སྡེ་ཁུལ་དུ་བཙུགས་པའི“བསམ་འདུན་ཆུང་ངུའི་ཐེབས་རྩ”སྤྱད་དེ་ཁོངས་གཏོགས་ཁུལ་ནང་གི་དཀའ་ངལ་ཡོད་པའི་སློབ་གྲྭ་ཆེ་མོ་བ་ཁག་གཅིག་ལ་འཚོ་བའི་ཁ་གསབ་ཀྱི་འཚམས་འདྲིའི་དངུལ་སྤྲད་པ་དང་། ད་ཐེངས་ཀྱི་བྱེད་སྒོའི་ནང་སྡེ་ཁུལ་གྱི་ཏང་ཀྲི་པུས་སློབ་གྲྭ་ཆེ་མོ་བ་དབུལ་པོ་7ལ་འཚམས་འདྲིའི་དངུལ་སྒོར་3500སྤྲད་པ་རེད།

ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་བརྒྱུད། སློབ་གྲྭ་ཆེ་མོ་བ་དབུལ་པོར་དངོས་པོའི་ཐད་ནས་རོགས་རམ་ཐོབ་པ་མ་ཟད། བསམ་པའི་ཐད་སྐུལ་ལྕག་ཆེན་པོ་ཐེབས་པ་དང་དུས་མཚུངས། སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་ཁོངས་གཏོགས་ཁུལ་དུ་བཅའ་སྡོད་ཚན་པས་མཉམ་དུ་བཏོད་པའི་སྡེ་ཁུལ་ལས་དོན་ལ་མཉམ་འཛིན་དང་། མཉམ་འདོམས། མཉམ་སྐྲུན་བཅས་བྱེད་པའི་རྣམ་པ་བཟང་པོ་མངོན་ཏེ། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ལ། དུས་རབས་གསར་པའི་ཏང་ཡོན་གྱི་སྔོན་ཐོན་དཔེ་བཟང་གི་ནུས་པ་ཡང་མངོན་ཡོད་པ་རེད།

གོམ་སྟབས་རྗེས་མར། བར་སྐོར་སྡེ་ཁུལ་གྱིས“བསམ་འདུན་ཆུང་ངུའི་ཐེབས་རྩའི”རོགས་སྐྱོར་བྱ་ཐབས་ཁག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། རོགས་སྐྱོར་བྱེད་དགོས་པའི་མི་དེ་བས་མང་བར་རོགས་སྐྱོར་བྱས་ཏེ། སྡེ་ཁུལ་གྱི་མང་ཚོགས་ཚོར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་དེ་བཞིན་ཁོངས་གཏོགས་ཚན་པའི་ལས་ཐོག་ཏང་ཡོན་གྱི་སེམས་ཁུར་དང་གཟིགས་སྐྱོང་ཚོར་ཐུབ་པ་བྱེད་རྒྱུ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)