《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཁྲེང་ཀོན་ཆུས་གཤོངས་དགའ་སྡེ་ཁུལ་གྱི་ཏང་ཀྲི་པུས།

མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་འདྲེས་པ་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་མངོན་འགྱུར་བྱས་ནས། ཏང་ཡོན་གྱིས་སྡེ་ཁུལ་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྔོན་ཐོན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་གཤོངས་དགའ་སྡེ་ཁུལ་གྱི་ཏང་ཀྲི་པུས“དང་བླངས་ཞབས་ཞུའི་ལས་དོན་གཏིང་ཟབ་སྤེལ་ནས། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི”རྩ་དོན་ལ་གཞིགས་ནས། སྡེ་ཁུལ་གྱི་ཏང་ཡོན་དང་བླངས་པས་སྡེ་ཁུལ་ནང་གི་རྐང་ལག་ཐང་པོ་མེད་པའི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་བགྲེས་སོང་བློ་གཡུང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་དབང་སྐྱོན་གསལ་འབྱེད་བརྟག་དཔྱད་བྱེད་པར་འཁྲིད་པ་དང་འབྲེལ། གྲོང་མིའི་ཞབས་ཞུ་ལྟེ་གནས་སུ་དབང་སྐྱོན་ལག་ཁྱེར་གྱི་འབྲེལ་ཡོད་འགྲོ་ལུགས་ཀྱང་གཉེར་རོགས་བྱས་པ་རེད།

དང་བླངས་པའི་རོགས་རམ་འོག་བགྲེས་སོང་བློ་གཡུང་དབང་སྐྱོན་གསལ་འབྱེད་བརྟག་དཔྱད་བདེ་བླག་བྱུང་བ་དང་འབྲེལ། དབང་སྐྱོན་ལག་ཁྱེར་གྱི་འབྲེལ་ཡོད་འགྲོ་ལུགས་ཀྱང་སྤྱིར་ན་འབུལ་སྐྱེལ་དང་ཞིབ་བཤེར་ཐུབ་པས། བགྲེས་སོང་བློ་གཡུང་གིས་ཏང་ཡོན་དང་བླངས་པ་ཚོར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ད་ཐེངས་ཀྱི་དང་བླངས་ཞབས་ཞུའི་ལས་དོན་སྤེལ་བ་བརྒྱུད། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་ཕྱིན་ནས། མང་ཚོགས་ལ་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཧུར་ཐག་ཞུ་བའི་ལས་དོན་མང་ཚོགས་འཁྲིས་སུ་སྤེལ་ཏེ་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ནས་ཞབས་འདེགས་དེ་བས་ཡག་པ་ཞུས་ཡོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)