《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

དྲ་རྒྱའི་བདེ་འཇགས་ལ་མི་ཚང་མ་ཞུགས་པ།

ཟླ་9ཚེས་14ཉིན་གྱི་སྔ་དྲོར། “དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད། དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2020ལོའི་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་། དུས་ཡུན་གཟའ་འཁོར་གཅིག་རིང་འབྲེལ་ཡོད་སྡེ་ཚན་ཁག་གིས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་དྲ་རྒྱའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་དང་འགོག་སྲུང་རྩལ་ནུས་ཆེ་རུ་གཏོང་བ། བདེ་འཇགས་དང་སྐྱོན་བྲལ། ཡ་རབས་བཅས་ཀྱི་དྲ་རྒྱའི་ཁོར་ཡུག་གཏོད་པ། མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་བར་མཐོངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བཅས་བྱ་རྒྱུ་རེད། འདི་ནི་ལས་དོན་མི་སྣས་རྒྱ་ལམ་འགྲུལ་པར་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་པ།