《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཆེ་དགྲ་ལྷས་ཚོགས་པའི་སྣེ་ཁྲིད་དེ་འབྲི་ཆུའི་འགག་གསུམ་ཚོགས་པར་བརྟག་ཞིབ་སློབ་སྦྱོང་དུ་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ནས་14ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་པའི་སྣེ་ཁྲིད་དེ་འབྲི་ཆུའི་འགག་གསུམ་རགས་ཆེན་དང་། ཀེ་ཀྲོའུ་པཱ་རགས་ཆེན་ཆུ་བེད་ཀྱི་འགག་གནས་དང་དེ་བཞིན་ཝུའུ་ཏུང་ཏེ་དང་པའེ་ཧོ་ཐན་ཆུ་གློག་ས་ཚིགས་བཅས་སུ་ཕེབས་ནས་བརྟག་ཞིབ་དང་སློབ་སྦྱོང་གནང་བ་རེད།

འབྲི་ཆུའི་འགག་གསུམ་ཚོགས་པའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལེ་མིང་ཧྲན་དང་། འབྲི་ཆུའི་འགག་གསུམ་ཚོགས་པའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་ཝང་ལིན་སོགས་སོ་སོས་བརྟག་ཞིབ་ལ་ཕེབས་རོགས་ཞུས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་དང་རེན་ཝུའེ་བརྟག་ཞིབ་གནང་བར་ཕེབས་པ་རེད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

བརྟག་ཞིབ་སློབ་སྦྱོང་བྱེད་རིང་། ཚང་མས་ལྟ་ཀྱིན་ཉན་ཀྱིན་དུ་ཟིན་ཐོ་འགོད་པ་དང་། རླབས་ཆེའི་མེས་རྒྱལ་ལ་སྤོབས་སེམས་ཆེན་པོ་མི་སྐྱེ་མཁན་གཅིག་ཀྱང་མེད་པ་དང་། ཆུ་བེད་ལས་གྲྭའི་རྣམ་གྲངས་ཆེ་གྲས་ཀྱིས་མི་དམངས་མང་ཚོགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་བཏང་བར་སེམས་འགུལ་ཚད་མེད་མི་ཐེབས་མཁན་གཅིག་ཀྱང་མེད་པ། རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་ཡིད་ཆེས་ཆེན་པོ་མི་བྱེད་མཁན་གཅིག་ཀྱང་མེད་པ་བཅས་རེད།

ཆེ་དགྲ་ལྷས་འབྲི་ཆུའི་འགག་གསུམ་ཚོགས་པ་དང་། ཀེ་ཀྲོའུ་རགས་ཆེན་ཚོགས་པས་སྔར་ཡོད་ཀྱི་མཉམ་ལས་ཡག་པོའི་རྨང་གཞིའི་ཐོག་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་ཐུན་མོང་སྐུལ་འདེད་བཏང་སྟེ་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པའི་ཐུགས་རེ་གནང་བ་རེད།

ལེ་མིང་ཧྲན་དང་ཝང་ལིན་སོགས་ཀྱིས་ཀྲུང་དབྱང་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཕྱོགས་ཡོངས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཧུར་ཐག་ཞུ་བ། ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་། སྤྱི་ཚོགས་ཀྱི་འགན་འཁྲི། དཔལ་འབྱོར་གྱི་འགན་འཁྲི་བཅས་ལག་བསྟར་ཡག་པོ་བྱེད་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད། (དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)