《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

བློ་བཟང་རྒྱལ་མཚན་གྱིས་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝུའུ་ལན་བཅས་པ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཟླ་9ཚེས་8ནས་12ཉིན་བར། ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝུའུ་ལན་གྱིས་ཧུའུ་ནན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་རེད། ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་ཧུའུ་ནན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་ལྷན་དུ་བཞུགས་མོལ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་བཅས་བཞུགས་མོལ་དང་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

བོད་ཀྱི་སྣོད་བཅུད་འཕེལ་རྒྱས་བརྟན་པོ་དང་མཐའ་མཚམས་སྟོབས་ཆེར་གཏོང་བ་སོགས་བྱ་གཞག་ཁག་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས། བློ་བཟང་རྒྱལ་མཚན་གྱིས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་འཐབ་དང་རང་མགོ་རང་འདོན་བྱེད་དགོས་པ་མ་ཟད། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་ཧུའུ་ནན་ཚུད་པའི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་ཁེ་ལས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དེ་བས་མཁོ་ཆེ་བས་ཧུའུ་ནན་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝུའུ་ལན་གྱིས། བློ་བརྟན་འགྱུར་མེད་ངང་མཐའ་བརྟན་བོད་བརྟན་ལ་རྒྱབ་སྐྱོར་བྱེད་པ་དང་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་བཏང་ནས་ཧུའུ་ནན་གྱི་ཁེ་ལས་བོད་དུ་ཐོན་ལས་དར་རྒྱས་གཏོང་བར་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཧུའུ་བོད་ས་ཁུལ་གཉིས་ཀྱི་སྤེལ་རེས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ། “ལོ་ལྔ་ཚན་བཅུ་གསུམ་པའི”རོགས་སྐྲུན་རྣམ་གྲངས་མཇུག་བསྒྲིལ་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་སོགས་ཀྱི་ཐད་ཁ་གཏད་བོད་སྐྱོར་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་རང་རྟོགས་ངང་ཁུར་ནས“ཀྲུང་དབྱང་གི་མངགས་བཅོལ”དང་། “ལྷོ་ཁར་མཁོ་བ”“ཧུའུ་ནན་གྱིས་སྒྲུབ་ཐུབ་པ”བཅས་དེ་བས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་སྡོད་རིང་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ལྷོ་ཁར་འཚོགས་པ་རེད།