《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

དྲ་རྒྱ་ནས་དབང་ཆར་བཙན་གནོད་བྱས་ཚེ་དྲ་ཚིགས་དེས་དུས་ཐོག་ཏུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་བཀག་འགོག་མ་བྱས་པའི་རིགས་ལ། འགན་འཁྲི་འཁུར་དགོས་སམ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》

དོན་ཚན་ཆིག་སྟོང་བརྒྱ་དང་གོ་ལྔ་པར། དྲ་རྒྱ་སྤྱོད་མཁན་གྱིས་དྲ་རྒྱའི་ཞབས་འདེགས་སྤྱད་དེ་དབང་ཆར་བཙན་གནོད་བྱས་ཚེ། དབང་ཆ་ཡོད་མཁན་གྱིས་དྲ་རྒྱའི་ཞབས་འདེགས་མཁོ་འདོན་བྱེད་མཁན་ལ་མེད་པར་བཟོ་བ་དང་། ཁ་རྒྱག་པ། སྦྲེལ་མཐུད་མི་བྱེད་པ་སོགས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་པའི་བརྡ་ཐོ་གཏོང་དབང་ཡོད། བརྡ་ཐོའི་ནང་ཁེ་དབང་ལ་གནོད་འཚེ་ཕོག་པའི་དཔང་རྟགས་རགས་ཙམ་དང་དེ་བཞིན་ཁེ་དབང་ཡོད་མཁན་གྱི་ཐོབ་ཐང་ངོ་མ་ཡང་འབྲི་དགོས།

དྲ་རྒྱའི་ཞབས་འདེགས་མཁོ་འདོན་བྱེད་མཁན་གྱིས་བརྡ་ཐོ་འབྱོར་རྗེས་བརྡ་ཐོ་དེ་ཉིད་དུས་ཐོག་ཏུ་འབྲེལ་ཡོད་དྲ་རྒྱ་སྤྱོད་མཁན་ཁག་ལ་བརྒྱུད་སྐུར་བྱེད་དགོས་པ་མ་ཟད། ད་དུང་ཁེ་དབང་ལ་གནོད་འཚེ་ཕོག་པའི་དཔང་རྟགས་རགས་ཙམ་དང་ཞབས་ཞུའི་རིཌ་དབྱེ་ལ་གཞིགས་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས། དུས་ཐོག་ཏུ་དགོས་ངེས་ཀྱི་བྱེད་ཐབས་མ་སྤྱད་པར་གནོད་འཚེ་ཕོག་ཚད་ཆེ་རུ་ཕྱིན་ཚེ་དྲ་རྒྱ་སྤྱོད་མཁན་དང་མཉམ་དུ་ཞོར་འགན་འཁུར་དགོས།

ཁེ་དབང་ཡོད་མཁན་གྱི་ནོར་འཁྲུལ་གྱི་བརྡ་ཐོའི་རྐྱེན་གྱིས་དྲ་རྒྱ་སྤྱོད་མཁན་ནམ་ཡང་ན་དྲ་རྒྱའི་ཞབས་འདེགས་མཁོ་འདོན་བྱེད་མཁན་ལ་གནོད་འཚེ་ཕོག་ཚེ། དབང་ཆ་བཙན་གནོད་ཀྱི་འགན་འཁྲི་འཁུར་དགོས། བཅའ་ཁྲིམས་ནང་གཏན་འབེབས་ཡོད་ཚེ་དེ་དེ་བཞིན་དུ་ལག་བསྟར་བྱ་རྒྱུ།

དྲ་སྦྲེལ་མགྱོགས་མྱུར་འཕེལ་རྒྱས་སོང་བ་དང་བསྟུན་ནས། དྲ་རྒྱས་དབང་ཆ་བཙན་གནོད་ཀྱི་བྱེད་སྤྱོད་ཀྱང་ཇེ་མང་དུ་འགྲོ་བ་དང་། ཁེ་དབང་ཡོད་མཁན་གྱི་ཁེ་ཕན་ལ་སྲུང་སྐྱོང་སྔར་བས་ཡག་པོ་བྱས་ནས་དྲ་རྒྱ་སྤྱོད་མཁན་དང་དྲ་རྒྱའི་ཞབས་འདེགས་མཁོ་འདོན་བྱེད་མཁན་དབར་གྱི་ཁེ་ཕན་དོ་སྙོམས་ཡོང་ཆེད། 《དམངས་དོན་སྐོར་གྱི་ཁྲིམས་གཞུང》ནང་གཏན་འབེབས་ཁ་གསལ་བཏོན་ཡོད་པ་སྟེ། དྲ་རྒྱ་སྤྱོད་མཁན་གྱིས་ཁེ་དབང་ལ་གནོད་འཚེ་བཏང་བའི་ཁེ་དབང་ཡོད་མཁན་གྱིས་དཔང་རྟགས་རགས་ཙམ་དང་རང་ཉིད་ཀྱི་ཐོབ་ཐང་ངོ་མ་བསྐུར་རྗེས་དྲ་རྒྱའི་ཞབས་འདེགས་མཁོ་འདོན་བྱེད་མཁན་ལ་དེ་མེད་པར་བཟོ་བ་དང་། ཁ་རྒྱག་པ། སྦྲེལ་མཐུད་མི་བྱེད་པ་སོགས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་རྒྱུའི་བརྡ་ཐོ་གཏོང་དགོས། དྲ་རྒྱའི་ཞབས་འདེགས་མཁོ་འདོན་བྱེད་མཁན་གྱིས་བརྡ་ཐོ་འབྱོར་རྗེས་བརྡ་ཐོ་དེ་ཉིད་དུས་ཐོག་ཏུ་འབྲེལ་ཡོད་དྲ་རྒྱ་སྤྱོད་མཁན་ཁག་ལ་བརྒྱུད་སྐུར་བྱེད་དགོས་པ་མ་ཟད། ད་དུང་ཁེ་དབང་ལ་གནོད་འཚེ་ཕོག་པའི་དཔང་རྟགས་རགས་ཙམ་དང་ཞབས་ཞུའི་རིགས་དབྱེ་ལ་གཞིགས་ནས་དགོས་ངེས་ཀྱི་བྱེད་ཐབས་ཀྱང་སྤྱོད་དགོས། དུས་ཐོག་ཏུ་དགོས་ངེས་ཀྱི་བྱེད་ཐབས་མ་སྤྱད་པར་གནོད་འཚེ་ཕོག་ཚད་ཆེ་རུ་ཕྱིན་ཚེ་དྲ་རྒྱ་སྤྱོད་མཁན་དང་མཉམ་དུ་ཞོར་འགན་འཁུར་དགོས། ཡིན་ན་ཡང་གལ་སྲིད་ཁེ་དབང་ཡོད་མཁན་གྱི་ནོར་འཁྲུལ་གྱི་བརྡ་ཐོའི་རྐྱེན་གྱིས་དྲ་རྒྱ་སྤྱོད་མཁན་ནམ་ཡང་ན་དྲ་རྒྱའི་ཞབས་འདེགས་མཁོ་འདོན་བྱེད་མཁན་ལ་གནོད་འཚེ་བཟོས་ཚེ། དབང་ཆ་བཙན་གནོད་ཀྱི་འགན་འཁྲི་འཁུར་དགོས།