འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་13ཉིན་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཧུའུ་ནན་ཞིང་ལས་སློབ་ཆེན་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“མཐོ་གྲང་རི་ཁུལ་གྱི་ཞིང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཇོ་རིའི་གླེང་སྟེགས”གཞིས་རྩེ་གྲོང་ཁྱེར་དུ་འགོ་བཙུགས་པ་རེད།
བྱེད་སྒོ་སྤེལ་རིང་ཀྲུང་གོ་བཟོ་སྐྲུན་ཁང་དང་། ཀྲུང་གོ་ཞིང་ལས་སློབ་ཆེན། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་། ཧུའུ་ནན་ཞིང་ལས་སློབ་ཆེན་སོགས་ཚན་ཞིབ་ཁང་དང་མཐོ་སློབ་ནས་ཡིན་པའི་ཡོན་ཧྲི་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་དང་ཞིང་ལས་གྲོང་གསེབ་པུའི་ལྗང་མདོག་བཟའ་བཅའ་ལྟེ་གནས་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དང་། ཚན་རྩལ་ཐིང་། ཞིང་ལས་གྲོང་གསེབ་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཞིས་རྩེ་གྲོང་ཁྱེར་གྱི་ཚོགས་ཁང་དུ་འཛོམས་ནས“ས་ཞིང་གི་སྦགས་བཙོག་འགོག་བཅོས་བྱས་ཏེ་རྨོ་ཞིང་གི་སྤུས་ཚད་ལེགས་སུ་གཏོང་བ་དང་། སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སྐྱེ་ལྡན་ལུད་ཁྱབ་གདལ་དང་བེད་སྤྱོད་གཏོང་བ”བཅས་ཀྱི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།