《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

རྣམ་གྲངས་མིང་བཀོད་ཀྱི་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་136ལྷག་ཙམ་་ཟིན་པ།

2020ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་དང་ཧུའུ་ནན་ཞིང་ཆེན་གྱིས་མཉམ་དུ་གཉེར་བའི་2020ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འོས་སྦྱོར་ཚོགས་འདུའི་ཐོག་རྣམ་གྲངས་34ལ་མིང་རྟགས་བཀོད་པ་དང་། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་136.6ཟིན་པ། རྣམ་གྲངས་དེ་དག་ཁྱད་ལྡན་ཞིང་འབྲོག་དང་། མི་རིགས་ལག་ཤེས་བཟོ་ལས། དྭངས་གཙང་ནུས་རྒྱུ། ཨར་སྐྲུན་རྒྱུ་ཆ། རིག་གནས་ཡུལ་སྐོར། དེང་རབས་ཞབས་ཞུ་སོགས་ཐོན་ལས་དང་འབྲེལ་བ་ཡོད། དེའི་ཁྲོད་ཚོགས་འདུར་མིང་རྟགས་བཀོད་པའི་རྣམ་གྲངས་16དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་105.67ཟིན་པ་དང་། ཚོགས་འདུ་གྲོལ་རྗེས་རྣམ་གྲངས་18ལ་མིང་རྟགས་བཀོད་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་30.93ཟིན་གྱི་ཡོད་པ་རེད།