《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月14日

ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་འཚོགས་པ།

ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཟླ་9ཚེས་11ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣ་དང་། རྒྱ་ཆེའི་དགེ་རྒན། སློབ་གསོའི་ལས་དོན་པ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་དང་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གོ་མི་དམངས་ཉེན་རྟོག་དཔུང་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོའི་ཐོག་གནང་བའི་སློབ་སྟོན་བཀའ་སློབ་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བཅས་བྱས་ནས་རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་རང་རེའི་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་རིམས་འགོག་ལ་འཐབ་རྩོད་བྱས་པའི་སྤྱིར་བཏང་མིན་པའི་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་དང་། རིམས་འགོག་འཐབ་རྩོད་ཀྱི་འཐབ་ཇུས་གལ་ཆེན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། དེར་བརྟེན་ང་ཚོས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་འགོག་ལ་འཐབ་རྩོད་བྱེད་རིང་གསལ་པོར་མངོན་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ཤུགས་རླབས་ཆེན། ཀྲུང་ཧྭའི་ཤེས་དཔལ་གྱི་ནང་དོན་གཏིང་ཟབ། ཀྲུང་གོས་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཡིན་པའི་རང་རྟོགས་ཀྱི་འགན་སེམས་ཞིབ་ཕྲ་གླེང་བ་དང་། “མངོན་གསལ་དོད་པའི་ལེགས་ཆ་བཅུ་གསུམ”དང“མཐའ་འཁྱོངས་དང་འཐུས་ཚང་བཅུ་གསུམ”དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའི་དབར་གྱི་འབྲེལ་བ་གསལ་པོར་བཤད་དེ། མི་རིགས་ཁག་གི་མང་ཚོགས་ཚོས་རིམས་འགོག་འཐབ་རྩོད་ལ་འཐབ་ཇུས་གལ་ཆེན་གྱི་གྲུབ་འབྲས་ཐོབ་དོན་གསལ་པོ་ཤེས་སུ་འཇུག་པ་དང་། “མོས་སེམས་ལྔ”སྔར་བས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས། རིམས་འགོག་ལ་འཐབ་རྩོད་བྱེད་རིང་ཐོན་པའི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་གྱི་ཡོད།(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

རྒྱ་ཆེའི་སྨན་དོན་པ་ཚོས“ཚེ་སྲོག་གོང་བཀུར་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་བ། བརྩེ་བ་ཆེན་པོ”བཅས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་འགན་འཁྲི་འཁུར་སེམས་དང་ལས་དོན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་དགོས། ལེགས་ཆ་འདོན་སྤེལ་བྱས་ནས་ནད་བཅོས་སྲོག་སྐྱོབ་བྱེད་རིང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་རིགས་ཁག་གི་མང་ཚོགས་ཚོར་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལ་བརྟེན་ནས་ཁོང་ཚོར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། རང་ལྗོངས་ཀྱི་གཞི་རིམ་གྱི་སྨན་བཅོས་དཔུང་ཁག་གི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་ད་ལྟའི་འཕེལ་རྒྱས་ཆུ་ཚད་མཐིལ་རྟོགས་བྱས་ནས། འབྱུང་རྩ་གསལ་རྟོགས་དང་གནད་སྨིན་བྱེད་ཐབས་སྤྱོད་དགོས། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་དང་རྒྱ་ཆེར་བཏང་ནས། ནང་སའི་སྨན་བཅོས་རིགས་གཅིག་མཁས་ཅན་གྱི“བརྒྱུད་རོགས་ཁྲིད་གསུམ”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། རང་ལྗོངས་ཀྱི་སློབ་གསོའི་ལས་དོན་པ་མི་རབས་མང་པོས་དུས་ཡུན་རིང་པོའི་ནང་གཞི་རིམ་དུ་གཞི་ཚུགས་ནས་སྐད་གྲགས་མེད་པར་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པ་དང་། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ང་ཚོས་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་ཁས་ལེན་དང་སྐུལ་ལྕག་སྒུལ་ཤུགས་སུ་འགྱུར་བ་བྱས་ནས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་དང་བློས་འགེལ་རུང་བ་དང་། ཡིན་མིན་ཆེན་པོའི་གནད་དོན་ཐད་དར་ཆ་གསལ་སྟོན་དང་། རིག་པ་དྭངས་གསལ། ལངས་ཕྱོགས་བརྟན་པོ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ཟུང་འབྲེལ་བྱས་ཏེ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ། རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྣོད་བཅུད་སྲུང་སྐྱོང་། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

ཚོགས་འདུའི་ཐོག་བསྟན་དོན། དུས་ཡུན་རིང་པོའི་ནང་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ཚོས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་མཐའ་གཅིག་ཏུ་ལག་ལེན་བསྟར་ནས། ཡུལ་ཕྱོགས་གཅིག་གི་དུས་བདེ་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཏན་ཏིག་ཁུར་ཡོད། རང་ལྗོངས་ཀྱི་སྤྱི་བདེའི་དཔུང་ཁག་ནི་ཏང་ལ་བློ་དཀར་དང་། མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པ་བཅས་ཀྱི་དཔུང་ཁག་ཅིག་དང་། ཏང་དང་མི་དམངས་ཀྱིས་རྦད་དེ་ཡིད་ཆེས་རུང་བ་དང་འཐབ་ནུས་ཆེན་པོ་ལྡན་པའི་དཔུང་ཁག་ཅིག་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོའི་མི་དམངས་ཉེན་རྟོག་དཔུང་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོའི་ཐོག་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་མུ་མཐུད་ཡག་པོ་བསྒྲུབས་ཏེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྨི་ཡུན་ཆུ་མཛོད་འཛུགས་སྐྲུན་དང་བརྟན་སྲུང་བྱེད་པའི་ཡུལ་མི་སྤུན་ཟླ་ཚོར་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན། རྒྱལ་ཡོངས་ས་གནས་སྲིད་གྲོས་ཀྱི་ལས་ཀའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཅས་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། བསམ་བློར་སྔར་བས་བཅིངས་འགྲོལ་དང་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། ལྗོངས་བབ་ལ་གཞི་ཚུགས་པ་དང་ངེས་གནས་ལ་དམིགས་པ། རང་ལྗོངས་ལ་འཚམ་པའི་དེང་རབས་ཟོག་འགྲེམས་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་ཏན་ཏིག་སྐོང་དགོས། དྲ་ཐོག་ཚོང་དོན་དང་དངོས་ཚན་འཁོར་རྒྱུག་ཟུང་དུ་འབྲེལ་བའི་ཞིང་འབྲོག་ཁུལ་གྱི་ཟོག་འགྲེམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་ཐོན་རྫས་འཁོར་རྒྱུག་གི་ཐབས་ལམ་གསར་པ་བཏོད་དེ། ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་བཟའ་བཅའ་ཚོང་ཟོག་ཏུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། གཞི་རིམ་གྱི་ཞིང་འབྲོག་ཁུལ་དུ་ཡུན་རིང་ཟོག་འགྲེམས་སྐྱེལ་འདྲེན་སོགས་ཀྱི་ལས་རིགས་གཉེར་མཁན་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁོང་ཚོར་ཁྲིད་སྟོན་བྱས་ཏེ་ཁོང་ཚོས་རང་ལྗོངས་ཀྱི་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་མང་ཚོགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རང་ལྗོངས་ཀྱི་ཚོང་དོན་འཁོར་རྒྱུག་ལས་རིགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་རྩའི་རང་བཞིན་གྱི་གནད་དོན་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ། རང་ལྗོངས་ཀྱི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། ཐོན་ལས་འཕེལ་རྒྱས་འགོ་བཙུགས་མ་ཐག་ཡིན་པ་སོགས་ཀྱི་དངོས་ཡོད་དཀའ་ངལ་ལ་བསམ་གཞིག་གང་ལེགས་བྱས་ནས་སྲིད་ཇུས་དང་ལམ་ལུགས་སོགས་ཀྱི་ཐད་ནས་ཁོར་ཡུག་དེ་བས་ལེགས་པ་བཏོད་དེ་གསོག་འཇོག་འདང་ངེས་དང་། ཚོར་བ་སྐྱེན་པ། ཕོག་ཐུག་འགོག་ནུས་ཆེ་བ་བཅས་ཀྱི་འཕྲལ་བསྟུན་ཟོག་འགྲེམས་མ་ལག་གང་མགྱོགས་འཛུགས་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཟིགས་སྐྱོང་བྱ་ཐབས་བཟོ་བ་དང་། དགེ་མཚན་ལྡན་པའི་ཆ་རྐྱེན་གཏོད་པ། མཐའ་མཚམས་ས་ཁུལ་གྱི་ཟོག་འགྲེམས་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་འབབ་འཕར་ཕྱུག་འགྱུར་མགྱོགས་སུ་འགྲོ་རྒྱུར་རམ་འདེགས་བྱེད་དགོས། ཨེ་ཤེ་ཡ་ལྷོ་མར་སྒོ་དབྱེ་བྱེད་པའི་འགྲོ་ལམ་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས། གོ་སྐབས་མྱུར་འཛིན་གང་མགྱོགས་བྱས་ཏེ། ཁ་ཚ་དགོས་གཏུག་གི་བསམ་པ་དང་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཀྲུང་ནེའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་རང་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”ནང་མཉམ་འདྲེས་ཧུར་ཐག་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྨི་ཡུན་ཆུ་མཛོད་འཛུགས་སྐྲུན་དང་བརྟན་སྲུང་བྱེད་མཁན་ཡུལ་མི་སྤུན་ཟླ་ཚོར་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ། ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ནས། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་དངོས་ཡོད་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་དགོས། དཔེ་མཚོན་འདེམས་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་དབང་པོ་སྐྱོན་ཅན་རྣམས་ཀྱིས་རང་སྟོབས་རང་འཕེལ་གྱི་དཔེ་བཟང་ཚོར་སློབ་སྦྱོང་བྱས་ཏེ་རང་བཀུར་དང་། རང་ལ་ཡིད་ཆེས། རང་འབད་རང་སྤེལ། རང་མགོ་རང་ཐོན་བཅས་བྱེད་པར་ལྕག་སྐུལ་བྱས་ཐོག རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

ཚོགས་འདུའི་ཐོག་བསྟན་གནང་དོན། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་དང་འབྲེལ་བ་ཡོད་པ་བཅས་རེད། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ནས། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། སྒྱུར་བཅོས་ཇི་ཙམ་བྱས་ན་དེ་ཙམ་ལེགས་པ་དང་། སྒྱུར་བཅོས་ཇི་ཙམ་བྱས་ན་དེ་ཙམ་གྱིས་མང་ཚོགས་ལ་ཕན་པ་ཡོང་བ་མཐའ་འཁྱོངས་བྱས་ནས། རང་ལྗོངས་ཀྱི་སྲིད་ཁྲིམས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་རིམ་ཁག་སྲིད་གྲོས་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་སྲིད་གྲོས་ཀྱི་ལས་ཀའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་བརྩི་བ་དང་། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཡོང་བ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་གཙོ་གནད་དུ་དམིགས་ནས་ཇུས་འདོན་སྲིད་སྐྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་སྟོབས་ཤུགས་ཆེན་པོ་དེ་བས་ལེགས་པའི་སྒོ་ནས་གཅིག་སྡུད་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། 《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》དང་རང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་དེ་རིམ་ཁག་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་ནང་དོན་གལ་ཆེན་ནང་བཅུག་ནས་ཨུ་ཡོན་གྱི་འགན་འཁྲི་ཁུར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། རིམ་ཁག་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་རང་འགན་གཙང་སྒྲུབ་ནན་ཏན་དང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་དོན་སྙན་སེང་ཞུས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་གཞུང་དོན་གྲོས་མོལ་དང་ཐབས་ཇུས་འདོན་པར་མཉམ་སྡེབ་ཀྱི་འགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། རེ་ཟུང་ནང་མོལ། ཚོགས་འདུའི་ཐོག་གཏན་འབེབས་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། དམངས་གཙོའི་ཐབས་ཇུས། ཁྲིམས་བཞིན་ཐབས་ཇུས་བཅས་འདོན་རྒྱུ་འགན་ལེན་བྱེད་དགོས།