《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月14日

“སྡེར་གཙང་བྱ་སྤྱོད”མཐའ་འཁྱོངས་བྱེད།

—— ཉིང་ཁྲི་གྲོང་ཁྱེར་བཟའ་བཏུང་ལས་རིགས་ཀྱིས་འཕྲོ་བརླག་ལ་ངོ་རྒོལ་དང་གྲོན་ཆུང་ནན་པོ་བྱས་པའི་མཐོང་ཐོས།

ཉིན་དགུང་འཆར་ལ་ཉེ་བའི་སྐབས་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་ཁུངས་ཟ་ཁང་དུ་ཁ་ལག་ཟ་མཁན་རིམ་གྱིས་མང་དུ་ཕྱིན་པ་དང་། ཚང་མས་གོ་རིམ་ལྡན་པའི་ངང་རང་ཉིད་ཀྱིས་ཟ་ཐུབ་ཚོད་བླངས་ཀྱི་ཡོད་པ་རེད། ཡུལ་དངོས་སུ་ད་དུང་ལས་དོན་པས་ལས་བྱེད་པ་དང་ལས་བཟོར་ཡ་རབས་ངང་ལྟོ་ཆས་བཟས་ནས“ལྕེ་ཐོག་གི་འཕྲོ་བརླག”མི་གཏོང་བའི་ཁྲིད་སྟོན་བྱེད་ཀྱི་ཡོད། ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའི་གསར་འགྱུར་ཁོའོ་ཡི་ཁོའོ་ཀྲང་ཀའོ་ཞུས་ཅུན་གྱིས“འཕྲོ་བརླག་མི་འགྲོ་བའི་ཆེད་དུ། ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་ཁུངས་ཟ་ཁང་གིས་ཟས་རིགས་དོ་དམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ནས་ཟས་རིགས་ཀྱི་གྲངས་འབོར་འཆར་གཞི་གནད་སྨིན་བཟོས་ཏེ་འབྱུང་རྩ་ནས་བཟའ་བཏུང་འཕྲོ་བརླག་ཉུང་དུ་བཏང་ཡོད”ཅེས་བརྗོད།

ལས་ཁུངས་ཀྱི་ཟ་ཁང་ཕུད། ཉིང་ཁྲི་གྲོང་ཁྱེར་གྱི་བཟའ་བཏུང་སྒྲིག་གཞི་ཁག་གིས་ཀྱང་རྒྱུན་ཆད་མེད་པར་འཕྲོ་བརླག་གཏོང་ཤུགས་གཏན་འགོག་བྱེད་ཀྱི་ཡོད། གསར་འགོད་པས་བཅའ་འདྲི་བྱེད་རིང་། ས་གནས་དེ་གའི་ཟ་ཁང་མང་པོ་ཞིག་གིས་དགོས་མཁོ་ལྟར་ཁ་ལག་མངག་པ་དང་། ཚལ་ཉུང་དུ་གཏོང་བ། ཐུམ་སྒྲིལ་སྒམ་ཆུང་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ“སྡེར་གཙང་བྱ་སྤྱོད”དར་སྤེལ་ཧུར་ཐག་བཏང་སྟེ་ཟས་རིགས་འཕྲོ་བརླག་གཏོང་རྒྱུ་གཏན་འགོག་བྱེད་ཀྱི་ཡོད་པ་ཤེས་བྱུང་།

ད་ཆ། ཉིང་ཁྲི་གྲོང་ཁྱེར་གྱི་མགྲོན་ཁང་གང་དུ་བསྐྱོད་ཀྱང་སྒྲོག་རྩེའམ་ཡང་ན་ཟ་ཁང་གི་གྱང་སྟེང་ཚང་མར་ཡ་རབས་ངང་ཁ་ལག་ཟ་དགོས་པའི་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་ཡིག་དང་བརྡ་ཁྱབ་སྦྱར་ཡོད། “སྡེར་གཙང་བྱ་རྒྱུ་ནི་སེར་སྣ་བྱེད་པ་མིན་པར་དེ་ནི་ཀུན་སྤྱོད་བཟང་པོ་ཞིག་ཡིན། ཁྱེད་ཀྱིས་ཟ་ཐུབ་པ་ཟ་བ་དང་ཟ་མི་ཐུབ་པ་ཁྱིམ་དུ་ཁྱེར”ཞེས་པའི་ཡ་རབས་ངང་ཁ་ལག་ཟ་བའི་བྱ་སྤྱོད་སྤེལ་ནས་ཚང་མར་གྲོན་ཆུང་བསྲི་ཚགས་བྱ་རྒྱུའི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱས་པ་རེད།།