《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月14日

རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ལྷན་གྱིས《ལས་ཀའི་ཇུས་གཞི》བཀྲམ་པ།

བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱས་ནས་ གྲོན་ཆུང་གི་གོམས་གཤིས་འཇགས་པར་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་11ཉིན་གནས་ཚུལ་འབྱོར་གསལ། བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱས་ནས་གྲོན་ཆུང་གི་གོམས་གཤིས་འཇགས་པར་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱ་ཆེད། ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་དུས་རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ལྷན་གྱིས《 བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱས་ནས་གྲོན་ཆུང་གི་གོམས་གཤིས་འཇགས་པར་བྱེད་པའི་ལས་ཀའི་ཇུས་གཞི》(གཤམ་དུ《ལས་ཀའི་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《ལས་ཀའི་ཇུས་གཞིའི》ནང་དྲིལ་བསྒྲགས་ཁྲིད་སྟོན་དང་། གསར་གཏོད་སྐུལ་ཁྲིད། ཤེས་དཔལ་ལག་ལེན། ལམ་ལུགས་འཛུགས་སྐྱོང་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ལོ་གཅིག་འབད་བརྩོན་བྱས་པ་བརྒྱུད། ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། རིགས་ཁག་གི་སློབ་གྲྭ་དང་ཟ་ཁང་བཅས་སུ་འཕྲོ་བརླག་གཏོང་བའི་སྣང་ཚུལ་གཞི་རྩའི་ཆ་ནས་མེད་པར་བཟོ་བ་དང་། བཟའ་བཏུང་ཁེ་ལས་དང་མང་ཚོགས་ཀྱིས་རང་རྟོགས་ངང་གྲོན་ཆུང་གི་ཁ་ཆད་ལ་བརྩི་སྲུང་ཞུ་བ་དང“སྡེར་གཙང་བྱ་སྤྱོད”ལག་ལེན་བསྟར་ནས་བཟའ་བཏུང་འཕྲོ་བརླག་མངོན་གསལ་དོད་པོས་ཉུང་དུ་གཏོང་བ། ལོ་གསུམ་ནས་ལྔའི་བར་མུ་མཐུད་འབད་བརྩོན་བྱས་པ་བརྒྱུད། འབྲུ་རིགས་ལ་གཅེས་སྤྲས་དང་། ཧུར་བསྲི་གྲོན་ཆུང་། ཚུལ་མཐུན་འཛད་སྤྱོད། ལྗང་མདོག་ཐཱན་ཉུང་འཛད་སྤྱོད་བཅས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དུ་འགྱུར་བ་དང་། བཟའ་བཏུང་འཕྲོ་བརླག་དང་། འཚོ་བའི་འཕྲོ་བརླག ཚོང་དོན་འཕྲོ་བརླག དགའ་སྟོན་རྟེན་འབྲེལ་དང་གཤིན་པོའི་རྗེས་འཇུག་སྐབས་ཀྱི་འཕྲོ་བརླག ཆོས་ལུགས་ཀྱི་འཛད་སྤྱོད་ཆེན་པོ་སོགས་ཀྱི་སྣང་ཚུལ་རྩ་བ་ནས་བཅོས་ཐུབ་པ་བྱས་ཏེ་ཚད་ལྡན་དང་འཐུས་ཚང་གི་ཁྲིམས་སྲོལ་ལམ་ལུགས་དང་ལྟ་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད།

《ལས་ཀའི་ཇུས་གཞིའི》ནང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་དུ་བརྩིས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་། “སྤྱོད་ཚུལ་བཞི”ལ་ངོ་རྒོལ་བྱེད་པའི་བླང་བྱ་དང་ཟུང་འབྲེལ་བྱེད་པ་དང་། བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་དང་དམངས་ཡོངས་ལ་གྲོན་ཆུང་གོམས་གཤིས་འཇགས་པར་བྱ་རྒྱུ་དེ་ལས་དོན་ཧ་ཅང་གལ་ཆེན་དུ་བརྩིས་ནས་དམ་འཛིན་ལྷོད་མེད་བྱས་ཏེ། བྱེད་ཐབས་ནུས་ལྡན་གྱི་ཐོག་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།