《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月09日

ཉིང་ཁྲི་གྲོང་ཁྱེར་གྱིས་རི་སྐྱེས་སྲོག་ཆགས་གཅིག་སྡུད་ཐོག་གློད་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྲུང་སྐྱོབ་བྱས་པའི་རི་སྐྱེས་སྲོག་ཆགས་རང་བྱུང་ཁམས་སུ་གློད་པའི་བྱེད་སྒོ་སྤེལ་ཏེ། ཉིང་ཁྲི་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚིགས་ཀྱི་ཚེ་ཐར་གཏོང་བའི་ཆ་རྐྱེན་འཛོམས་པའི་རི་སྐྱེས་སྲོག་ཆགས་གཅིག་གྱུར་ཐོག་རང་བྱུང་ཁམས་སུ་གློད་པ་རེད། རི་སྐྱེས་སྲོག་ཆགས་དེ་དག་རང་བྱུང་ཁམས་སུ་གློད་རྗེས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྲུང་ནན་ཁང་གི་རིགས་གཅིག་མཁས་ཅན་གྱིས་རི་སྐྱེས་སྲོག་ཆགས་དེ་དག་ལ་ཡུན་རིང་ལྟ་འདོམས(རི་སྐྱེས་སྲོག་ཆགས་དེ་དག་ལ་སྲུང་སྐར་རྗེས་སྙེག་བརྟག་ཆས་འདོགས་པ)ཡུན་རིང་དོ་དམ་བྱེད་རྒྱུ་དང་དུས་མཚུངས་སུ་རི་སྐྱེས་སྲོག་ཆགས་གློད་པའི་ཕན་འབྲས་ལ་ཚོད་སྐོར་བྱ་རྒྱུ་ཡང་རེད། འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་སྲུང་སྐྱོབ་བྱས་པའི་རི་སྐྱེས་སྲོག་ཆགས་གཅིག་སྡུད་ཐོག་གློད་ཐེངས་དང་པོ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེའི་རིང་གློད་པའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་སུ་གླག་སྐེ་གསེར(རྒྱལ་ཁབ་རིམ་པI)དང་། གཙོད(རྒྱལ་ཁབ་རིམ་པI) ཤྭ་རྐྱ(རྒྱལ་ཁབ་རིམ་པII)སོགས་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་རིགས་8ཡོད་པ་རེད།