《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月08日

དམངས་དོན་ཁྲིམས་གཞུང་དང་འཚོ་བའི་ཐད་ཀྱི་འབྲེལ་བ།

སྤྱི་ཚོགས་ཀྱི་དོ་གནད་གསལ་འགྲེལ།

སྤྱི་དམངས་ཀྱིས་རྣམ་པ་གང་ཞིག་གི་ཐོག་ནས་ཁ་ཆེམས་བཞག་ཆོག་གམ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》

དོན་ཚན་ཆིག་སྟོང་བརྒྱ་དང་སུམ་ཅུ་སོ་བརྒྱད་པ། ཉེན་ཁ་ཚབས་ཆེན་ཡོད་པའི་གནས་ཚུལ་འོག ཁ་ཆེམས་འཇོག་མཁན་གྱིས་ངག་ཐོག་ནས་ཁ་ཆེམས་བཞག་ན་འགྲིག་གི་ཡོད། ངག་ཐོག་ནས་ཁ་ཆེམས་འཇོག་སྐབས་འཁྲིས་སུ་མི་དཔང་གཉིས་ཡན་ཡོད་དགོས། ཉེན་ཁ་གྲོལ་རྗེས་ཁ་ཆེམས་འཇོག་མཁན་གྱིས་ཡིག་ཐོག་གམ་ཡང་ན་སྒྲ་འབེབས་དང་བརྙན་འབེབས་ཀྱི་རྣམ་པའི་ཐོག་ནས་ཁ་ཆེམས་འཇོག་ཐུབ་པའི་རིགས། ངག་ཐོག་ནས་བཞག་པའི་ཁ་ཆེམས་ཀྱི་གོ་ཆོད་ཀྱི་མེད།

ངག་ཐོག་ཁ་ཆེམས་ལ་ཆ་རྐྱེན་ངེས་ཅན་འཛོམས་ན་གོ་ཆོད་མོད། འོན་ཏེ་རྩོད་རྙོག་མི་ལྷག་པ་བྱ་ཆེད། གཤམ་གསལ་རྣམ་པའི་ཐོག་ནས་ཁ་ཆེམས་འཇོག་དགོས་པའི་གྲོས་འགོ་འདོན་རྒྱུ་སྟེ། (1)ལག་བྲིས་ཁ་ཆེམས་ཞེས་པ་ནི་རང་ཉིད་ཀྱིས་ཡི་གེ་བྲིས་ནས་ཁ་ཆེམས་བཞག་པར་ཟེར། ཁ་ཆེམས་ཡི་གེའི་ཐོག་མིང་རྟགས་འགོད་དགོས་པ་མ་ཟད། ད་དུང་ལོ་ཟླ་ཚེས་གསུམ་ཡང་གསལ་པོ་འགོད་དགོས། (2)ཁ་ཆེམས་ཚབ་འབྲི་ཞེས་པ་ནི་མི་གཞན་གྱིས་ཁ་ཆེམས་ཡི་གེར་ཕབ་པ་ལ་ཟེར། སྐབས་དེར་འཁྲིས་སུ་དཔང་མི་གཉིས་ཡན་ཡོད་དགོས། དཔང་མི་གཅིག་གིས་ཁ་ཆེམས་ཚབ་འབྲི་བྱེད་ཆོག དུས་མཚུངས་སུ་ཁ་ཆེམས་འཇོག་མཁན་དང་། ཡི་གེ་འབྲི་མཁན། དཔང་མི་གཞན་དག་བཅས་ཀྱིས་མིང་རྟགས་འགོད་དགོས་པ་མ་ཟད། ད་དུང་ལོ་ཟླ་ཚེས་གསུམ་ཡང་གསལ་པོར་འགོད་དགོས། (3)པར་འདེབས་ཁ་ཆེམས་ཞེས་པ་ནི་ལག་རྩལ་སྒྲིག་ཆས་སྤྱད་དེ་ཁ་ཆེམས་བྲིས་པ་དང་པར་འདེབས་བྱས་པར་ཟེར། དཔང་མི་གཉིས་ཡན་གྱིས་ས་གནས་ས་ཐོག་ཏུ་དཔང་པོ་བྱེད་དགོས། ཁ་ཆེམས་འཇོག་མཁན་དང་དཔང་མིས་ཁ་ཆེམས་ཤོག་ལྷེ་རེ་རེའི་ཐོག་མིང་རྟགས་འགོད་དགོས་པ་མ་ཟད། ད་དུང་ལོ་ཟླ་ཚེས་གསུམ་ཡང་གསལ་པོར་འགོད་དགོས།(4)སྒྲ་ཕབ་དང་བརྙན་ཕབ་ཀྱི་ཁ་ཆེམས་ཞེས་པ་ནི་སྒྲ་ཕབ་དང་བརྙན་ཕབ་ཀྱི་རྣམ་པའི་ཐོག་ནས་ཁ་ཆེམས་བཞག་པར་ཟེར། དཔང་མི་གཉིས་ཡན་གྱིས་ས་གནས་ས་ཐོག་ཏུ་དཔང་པོ་བྱེད་དགོས་པ་དང་། ཁ་ཆེམས་འཇོག་མཁན་དང་དཔང་མི་གཉིས་པོས་སྒྲ་ཕབ་དང་བརྙན་ཕབ་ནང་མིང་ངམ་ཡང་ན་གཟུགས་བརྙན་ཕབ་དགོས། དེ་བཞིན་ལོ་ཟླ་ཚེས་གསུམ་ཡང་གསལ་པོར་འགོད་དགོས། ལག་བྲིས་ཁ་ཆེམས་ཕུད་རྣམ་པ་གཞན་གྱི་ཐོག་ནས་ཁ་ཆེམས་འཇོག་སྐབས་དཔང་མི་གཉིས་ཡན་གྱིས་དཔང་པོ་བྱེད་དགོས་པ་དང་འབྲེལ་མིང་རྟགས་ཀྱང་འགོད་དགོས། དེ་མིན་ན་ཁ་ཆེམས་བཞག་པ་གོ་ཆོད་ཀྱི་མེད།

ངས་ཡིག་ཐོག་ནས་ཁ་ཆེམས་འཇོག་ཐུབ་པ་མིན་འདུག ཁྱེད་ཚོས་ངའི་བུ་ཕྲུག་ལ་རྗེས་འཇུག་ཡག་པོ་བྱེད་རོགས་ཞེས་བརྗོད་རོགས།