《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月08日

མིག་མངས་ལ་རོལ་བ།

མིག་མངས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་ལ་རྩལ་འགྲན་རང་བཞིན་དང་སྤྲོ་སྣང་རང་བཞིན་ཆེན་པོ་ལྡན་ཡོད་ཅིང་། མིག་མངས་རིག་གནས་སྔར་བས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱ་ཆེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་མིག་མངས་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གྲྭ་འབྲིང་ཆུང་དུ་མིག་མངས་སློབ་ཚན་བཀོད་སྒྲིག་བྱས་ཏེ་རྒྱུན་དུ་རིམ་པ་ཁག་དང་རིགས་ཁག་གི་མིག་མངས་འགྲན་བསྡུར་སྒྲིག་འཛུགས་བྱས་པས་མང་ཚོགས་དེ་བས་མང་བ་མིག་མངས་རིགས་ཀྱི་འགྲན་བསྡུར་བྱེད་སྒོའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། འདི་ནི་ཕྲུ་གུ་ཚོས་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་མིག་མངས་འགྲན་བསྡུར་ནང་ཞུགས་བཞིན་པ།