《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月06日

བོད་དུ་ཤར་གཏོང་ཐུབ་པའི་མཁའ་ལམ་གྱི་གྲངས་འབོར་120ཟིན་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་ས—ཁྱུང་མཆུ—མན་ཡང་བཅས་བར་གྱི་བོད་ཀྱི་མཁའ་ལམ་ཤར་གཏོང་ཐུབ་པ་དང་སྦྲགས། བོད་དུ་མཁའ་ལམ་ཤར་གཏོང་ཐུབ་གྲངས་120ཟིན་ནས། བོད་ཀྱི་སྣོལ་ཟམ་འགྲིམ་འགྲུལ་ཁྲོད་ཀྱི“མཁའ་ཐོག་གསེར་ཟམ”གྱི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།

དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཟླ་7པ་ནས་8པའི་བར་མཁའ་འགྲུལ་ཀུང་སིས་དུས་གཏན་གནམ་གྲུ་འགའ་ཞིག་མང་དུ་བཏང་ཞིང་། མཁའ་འགྲུལ་ཀུང་སི་འགའ་ཞིག་གིས་ད་དུང“གང་འདོད་འཕུར་སྐྱོད”ཅེས་པ་སོགས་ཀྱི་ལས་སྒོ་གཉེར་བས་ནང་ས་ནས་བོད་དུ་ཡོང་མཁན་མང་དུ་ཕྱིན་ཏེ་འཛད་སྤྱོད་ལ་སྐུལ་ཁྲིད་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

གྲངས་གཞི་ལས་མངོན་གསལ། ཟླ་8པར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་འཕུར་བབ་བྱེད་ཐེངས་5450ཟིན་པ་དེ་དུས་མཚུངས་ལས་9%འཕར་བ་དང་། འགྲུལ་པ་མི་ཐེངས་ཁྲི་61.5སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་4.1%འཕར་བ། སྦྲག་སྐྱེལ་དངོས་ཟོག་ཏུན་5261.5དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་22.4%འཕར་བ་བཅས་རེད།

མིག་སྔའི་བར་བོད་རང་སྐྱོང་ལྗོངས་སུ་ལྷ་ས་གོང་དཀར་གནམ་ཐང་སོགས་གནམ་ཐང་5ཡོད་པ་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་60དང་གནམ་གྲུ་ཤར་གཏོང་ཐུབ་ཡོད།