《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月04日

རིག་གནས་ཡུལ་སྐོར་ལས་རྣམ་པ་གསར་པ་བཏོད་པ།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས“མཛེས་ལྗོངས་ཁུལ་དང་གྲོང་ཁྱེར་མཉམ་འདྲེས”ལ་དམིགས་པ་དང་། “གྲོང་གསེབ་དར་རྒྱས”དང་ཟུང་འབྲེལ་བྱེད་པ། རང་བྱུང་རི་ཆུ་དང་དམངས་སྲོལ་ཡུལ་སྲོལ་གོམས་འདྲིས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཡུལ་སྐོར་དང་སྣོད་བཅུད་ཞིང་ལས་དང་། གྲོང་ཁྱེར་འཛུགས་སྐྲུན། མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་དང་ཟུང་དུ་འབྲེལ་ཏེ“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་སོགས་ཡུལ་སྐོར་རིག་གནས་ཀྱི་རྣམ་གྲངས་ཁག་གཅིག་བསྐྲུན་ནས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་དེ་གར་སྤྲོ་གསེང་དང་ལྟ་སྐོར་དུ་འགྲོ་བའི་ཡིད་དབང་བཀུག་ཡོད།

འདི་ནི་ཡུལ་སྐོར་བས“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་དུ་འཇའ་ཚོན་འདྲེད་ལམ་ལ་ཉམས་ལེན་བྱེད་བཞིན་པ།