《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月04日

ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་སྨན་ཁང་འཛུགས་སྐྲུན་འགོ་ཁྲིད་ཚོཌ་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཚེས་1ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་སྨན་ཁང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་སྨན་ཁང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་དོན་ཐད་ཆེད་དོན་ཞིབ་འཇུག་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཞུགས་ཡོད་པ་རེད།

ཏིང་ཡེ་ཤན་གྱིས་རྣམ་གྲངས་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་སྨན་ཁང་རྣམ་གྲངས་ནི་ཙུང་ལི་ལི་ཁེ་ཆང་གིས་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་སྐབས་གཏན་འཁེལ་གནང་བའི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་དང་། རང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་ཐང་འགན་ལེན་གྱི་ལས་དོན་ཐད་སླར་ཡང་མཛུབ་སྟོན་གལ་ཆེན་གནང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཏིང་ཡེ་ཤན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་ཟུང་འབྲེལ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་དགོས། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གྱི་བླང་བྱར་གཞིགས་ནས་པུའུ་དང་རང་སྐྱོང་ལྗོངས་མཉམ་སྐྲུན་གྱི་བྱེད་སྟངས་སྤྱད་དེ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅངས་ནས་འཆར་གཞི་ཡོད་པ་དང་གོ་རིམ་ལྟར་དུས་མཚམས་དབྱེ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྨན་བཅོས་ཞབས་འདེགས་དང་བདེ་ཐང་འཚོ་བའི་ཐད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་དགོས་མཁོ་གསར་པ་རྒྱུན་ཆད་མེད་པར་སྐོང་བའི་དངོས་ཡོད་ཀྱི་ཕན་འབྲས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེ་སེམས་ཟབ་མོར་དྲིན་ལན་འཇལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།