《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月03日

2020ལོའི་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཚེས་1ཉིན་གྱི་སྔ་དྲོར། 2020ལོའི་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོའི་འགོ་ཚགས་མཛད་སྒོ་ལྷ་ས་གསོལ་མགྲོན་ཁང་དུ་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོས“ཁེ་ལས་ཁྲི་ཞུགས་པ་དང་མི་དུང་ཕྱུར་མཉམ་དུ་སྐྱོད་པ”བརྗོད་དོན་གཙོ་བོར་བྱས་ནས། སྤུས་ལེགས་ཁྱད་ལྡན་གྱི་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་ལ་སྐུལ་འདེད་དང་འཛད་སྤྱོད་དབུལ་སྐྱོར་གྱི་ཆེད་སྒྲོམ་དང་། ཆེད་ཁང་། ཆེད་ཁུལ་བཅས་དང་། “དབུལ་སྐྱོར832”བྲིན་ཚོང་སྟེགས་བུ་སོགས་ཀྱི་གཞི་རྟེན་གཙོ་བོ་ཚུད་པའི་སྤྱི་ཚོགས་ཀྱི་དབུལ་སྐྱོར་ཕུགས་ཕན་ལམ་སྲོལ་འཛུགས་པ་དམིགས་ཚད་དུ་བྱས་ཏེ། ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་ཀྱིས་དབུལ་སྐྱོར་ཐོན་རྫས་ཀྱི་ཉོ་སྒྲུབ་དང་ཕྱིར་ཚོང་ལ་རོགས་རམ་བྱས་ནས། སྤྱི་ཚོགས་ཧྲིལ་པོར་འཛད་སྤྱོད་དབུལ་སྐྱོར་དང་དབུལ་སྐྱོར་ཐོན་རྫས་ཉོ་སྒྲུབ་ལ་ཞུགས་པའི་རྣམ་པ་བཟང་པོ་གཏོད་པ་དང་། བྱེད་སྒོའི་དུས་ཚོད་ནི་ཟླ་9ཚེས་1ཉིན་ནས་ཟླ་9ཚེས་30ཉིན་བར་ཡིན་པ་རེད།

ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཛད་སྤྱོད་དབུལ་སྐྱོར་དེ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ། མང་ཚོགས་དབུལ་པོར་ཞབས་འདེགས་ཞུ་བའི་ཐབས་ལམ་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཞུགས་པའི་སྟེགས་བུ་ཧུར་ཐག་སྐྲུན་པ་དང་། བྲིན་ཚོང་བྱེད་ཐབས་གསར་གཏོད། ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་མངོན་གསལ་དོད་པོར་འཇོག་དགོས་པ། དགོས་མཁོ་དང་མཁོ་ནུས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ལས་ཁུངས་ཀྱི་ཟ་ཁང་དང་། སློབ་གྲྭ བཟོ་ཚོགས། ཁེ་ལས། ཚོང་ཚོགས། དམག་དཔུང་སོགས་ཀྱིས་དབུལ་སྐྱོར་ཐོན་རྫས་སྔོན་ལ་ཉོ་རྒྱུ་སྒྲིག་འཛུགས་བྱས་ཏེ། ས་ཁུལ་དབུལ་པོ་དེ་བས་མང་བའི་ཁྱད་ལྡན་དང་ལྗང་མདོག་དབུལ་སྐྱོར་ཐོན་རྫས་ཁྲོམ་རར་སྐྱོད་པར་སྣེ་ཁྲིད་བྱེད་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་སྟོབས་ཤུགས་གཅིག་སྒྲིལ། ཆེད་མིའི་འགན་འཁུར་ལམ་ལུགས་ལག་བསྟར། འགན་འཁྲི་སྡེ་ཚན་དང་མི་སྒེར་བར་དོན་འཁྱོལ་ཞིབ་ཚགས་བྱེད་པ། དབུལ་སྐྱོར་གསར་སྤེལ་གྱི་གྲངས་གཞི་ཆེ་མོ་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་ནས་དབུལ་སྐྱོར་ཐོན་རྫས་ཀྱི་བྲིན་ཚོང་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་། དབུལ་སྐྱོར་ཐོན་རྫས་བྲིན་ཚོང་ལ་ལྟ་ཞིབ་དང་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་བླང་བྱ་བཏོན་པ་རེད།