《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月03日

ལོ་སྟོད་དུ་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གནས་ཚུལ་ཡག་པོ་ཡོད་པ།

“དམངས་ཕན་བྱེད་ཐབས་ཁག་བཅུའི”མ་དངུལ་སྒོར་དུང་ཕྱུར་4.5ལྷག་ཙམ་དོན་འཁྱོལ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོའི་ལོ་སྟོད་དུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྐུལ་འདེད་འོག རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གནས་ཚུལ་ཡག་པོ་བྱུང་ཡོད་པ་རེད།

གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དྲུག་པའི་ཟླ་མཇུག་བར། རང་ལྗོངས་ཀྱི་དཔྱིད་རྨོད་དཔྱིད་འདེབས་ལས་དོན་བདེ་བླག་བྱུང་ནས་སྔོན་དཔག་བྱས་ན་སྔོ་ཚལ་ཐོན་འབབ་ཏུན་ཁྲི་12.5ཟིན་རྒྱུ་ཡིན་པ་རེད། ཕག་ཤ་དང་། ཚགས་ཤ ལུག་ཤ་བཅས་ཀྱི་ཐོན་འབབ་ཏུན་ཁྲི་4.89དང་འོ་མའི་ཐོན་འབབ་ཏུན་ཁྲི་18.5ཟིན་ནས་དུས་མཚུངས་ལས་0.8%དང་13.3%སོ་སོར་འཕར་བ་དང་། ཕག་པ་མགོ་གྲངས་ཁྲི་26.2ཡོད་པ་ལས་ཕག་ཕྲུག་སྐྱེས་ཐུབ་པའི་ཕག་མོ་ཁྲི་4.15དང་བཤས་བཏང་ཆོག་པའི་ཕག་པ་ཁྲི་7.7ཡོད་ལ། ཕག་པའི་རྨང་གཞིའི་ཐོན་ནུས་རིམ་བཞིན་སླར་གསོ་ཡོང་བཞིན་ཡོད་པ་དང་། གྲོང་ཚོ་40%ཙམ་དུ་གཞི་རྩའི་ཆ་ནས་མི་ཕྱུགས་ལོགས་སྡོད་བྱུང་ཡོད། “དམངས་ཕན་བྱེད་ཐབས་ཁག་བཅུའི”མ་དངུལ་སྒོར་ཁྲི་45150.57དོན་འཁྱོལ་བྱས་ནས་དམངས་ཕན་བྱེད་ཐབས་ལས་ཕན་པ་དངོས་ཐོབ་པར་བྱས་ཡོད་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)