《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

སྣང་རྫོང་གྲོང་མདའ་གྲོང་རྡལ་ལིང་གུག་གྲོང་ཚོས།

གཞི་རིམ་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་གསུང་སྒྲ་ཞིང་འབྲོག་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱ་ཕྱིར། སྣང་རྫོང་གྲོང་མདའ་གྲོང་རྡལ་ལིང་གུག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི། ཞིང་འབྲོག་པའི་རྐང་འཛིན་སྒྲོག་འགྲེལ་པ། གྲོང་ཚོ་དར་རྒྱས་གཏོང་བའི་ཆེད་བསྐོས་ལས་བྱེད་པ་བཅས་ཀྱི་སྒྲོག་འགྲེལ་པ་ལིང་གུག་གྲོང་ཚོའི་ནང་མཐོང་རྒྱུ་ཡོད། ཁོང་ཚོས《“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་རྩ་གནད》ཅེས་པ་ལག་ཏུ་ཁྱེར་ནས་སྒོ་ར་དང་། ཞིང་ནང་དང་མུ་ཁ། དབྱར་རྩྭ་དགུན་འབུ་འཐུ་ཡུལ་གྱི་གཅིག་སྡུད་བཀོད་སྒྲིག་ཁུལ་བཅས་སུ་བསྐྱོད་དེ། ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་འཆང་བ་དང་། བབ་ཆགས་པའི་སྐད་ཆ། མང་ཚོགས་ཉན་སྤྲོ་བའི་རྣམ་པ་བཅས་ལ་བརྟེན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་ཏང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་སོགས་སྐོར་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་དང་ཡུག་གཅིག་འབྲེལ་ནས་བཀའ་དྲིན་ཚོར་བའི་སློབ་གསོ་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུ་སྔར་བས་ཁྲིད་སྟོན་བྱས་པ་རེད།

སྒོ་རྩར་སློབ་ཁྲིད་བྱས་ནས་སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་བཏང་བ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་གྱི་བྱེད་སྒོའི་ལས་ཀའི་བྱ་ཐབས་དོན་འཁྱོལ་བྱ་ཆེད། ལིང་གུག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་བསྐོས་ལས་བྱེད་པ་དང་མཉམ་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ། སློབ་གསོ་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་ངོ་ཐུག་གདོང་འཕྲད་ཀྱི་མང་ཚོགས་ལ“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པ་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”ནང་དོན་སྒྲོག་འགྲེལ་བྱས་པ་རེད།

ངལ་གསོ་དང་སློབ་སྦྱོང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་ཐོན་སྐྱེད་གཉིས་ཀ་མི་འཕྱུགས་པར་བྱས་པ། ཞིང་ནང་དང་མུ་ཁར་ཐེམ་དུད་གསུམ་ལྔ་ཙམ་མང་ཚོགས་དང་མཉམ་དུ་བསྡད་དེ། སྒྲོག་འགྲེལ་ཉན་པ་དང་། ཅི་འཕྲོས་མོལ་འཕྲོས་བྱས་ཏེ་མི་ཤེས་པ་འཕྲལ་མར་འདྲི་བ་སོགས་བྱེད་ཀྱི་ཡོད། ལིང་གུག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་ཚན་རིག་ཤེས་བྱ་སློབ་སྦྱོང་མང་ཙམ་བྱས་ནས་མིག་རྒྱང་རིང་དུ་དང་ཤེས་རྒྱ་ཆེ་རུ་བཏང་ནས་རྗེས་ལུས་རྙིང་ཞེན་གྱི་འདུ་ཤེས་བསྒྱུར་བ་དང་། ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པའང་ཤེས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མི་རིགས་མཐུན་སྒྲིལ་དང་ཕ་ཡུལ་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་པ་དང་། རྒྱུན་གཏན་གྱི་བྱ་བ་ཆུང་ཙག་ནས་སྒྲུབ་པ་དང་ཉེ་འགྲམ་ནས་འགོ་བརྩམས་ཏེ་ཏང་གཅེས་རྒྱལ་གཅེས་དང་ཡར་བརྩོན་ཧུར་ལེན་བྱེད་མཁན་སྤྱི་འབངས་ཡག་པོ་ཞིག་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

དཀའ་ངལ་ལ་མི་སྐྲག་པར་སྒྲོག་འགྲེལ་གྱི་ལེའུ་གསར་པ་བརྩམས་པ། ཉེ་དུས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི། ཞིང་འབྲོག་པའི་རྐང་འཛིན་སྒྲོག་འགྲེལ་པ། གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་བསྐོས་ལས་བྱེད་པ་བཅས་ཀྱིས་ལམ་བར་གྱི་དཀའ་ཚེགས་ལ་མ་འཛེམས་པར་ཆུ་ཚོད་དྲུག་ཙམ་བསྐྱོད་མཐར་ས་བབ་མཐོ་ཚད་སྨི་4950ཟིན་པའི་དབྱར་རྩྭ་དགུན་འབུ་འཐུ་བའི་གཅིག་སྡུད་བཀོད་སྒྲིག་ཁུལ་དུ་ཞིང་འབྲོག་མང་ཚོགས་ལ་གཅིག་སྡུད་ངང་སྒྲོག་འགྲེལ་བྱས་པ་རེད།