《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

པར་རིས་གསར་འགྱུར།

ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“ལས་ཞུགས་ཕྱོགས་སྟོན་དུ་བྱེད་པ་དང་ཞབས་ཞུ་དམིགས་ཡུལ་དུ་བྱེད་པའི”ལས་རིགས་རྩལ་ནུས་སློབ་གསོའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ད་ཡོད་ཀྱི་ལས་རིགས་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་པས། རིམ་ཁག་ལས་རིགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་རྨང་གཞིར་བྱས་པ་དང་། “ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི”ཞིང་འབྲོག་པའི་ངལ་ནུས་རྩལ་ནུས་གསོ་སྦྱོང་གི་མ་ལག་ཅིག་ཆགས་ཡོད་ལ། ཞིང་འབྲོག་ཁུལ་གྱི་མང་ཚོགས་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ནས། གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།འདི་ནི་རྣམ་གླིང་རྫོང་མཁར་རྩེ་ཤང་གི་མང་ཚོགས་ཀྱིས་ས་གནས་དེའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་བཞིན་པ།

འདི་ནི་རྣམ་གླིང་རྫོང་མཁར་རྩེ་ཤང་གི་མང་ཚོགས་ཀྱིས་ས་གནས་དེའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་བཞིན་པ།