《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

རྒྱལ་རྩེ་རྫོང་གིས་སྤུས་ཚད་མཐོ་བའི་ཏང་ཡོན་དཔུང་ཁག་བཙུགས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རྒྱལ་རྩེ་རྫོང་གིས་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་སྤྱི་འདོམས་སུ་བྱས་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུ་ཚད་དང་ལྡན་པ་དང་། སློབ་གསོ་དོ་དམ་བྱེད་རྒྱུ་རྒྱུན་གཏན་ཡོང་བ། ནུས་པ་མངོན་གསལ་འདོན་ཐུབ་པ་བཅས་ཀྱི་གཙོ་གནད་གསུམ་ལ་གཞིས་ཚུགས་ནས“འཕེལ་རྒྱས་དང་། སློབ་གསོ། དོ་དམ”བཅས་ཀྱི་འགག་རྩའི་ལྷུ་ཚིགས་གསུམ་གྱི་འགག་སྒོ་ནན་པོ་བསྲུངས་ཏེ། བྱང་ཚད་མཐོ་བ་དང་། ནུས་པ་མངོན་གསལ་དོད་པ། སྒྲིག་ཁྲིམས་ནན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་ཏང་ཡོན་དཔུང་ཁག་གཅིག་ནུས་ཤུགས་ཡོད་རྒུས་བཏོད་དེ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་ལ་སྐུལ་འདེད་བཏང་བ་རེད།

“ནན་པོ”བྱེད་རྒྱུ་སྔོན་ལ་བཞག་ནས་གོ་རིམ་ཚད་ལྡན་མཐའ་འཁྱོངས་བྱས་པ། རྒྱལ་རྩེ་རྫོང་གིས་ཆབ་སྲིད་ཀྱི་ཚད་གཞི་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཡོན་ལས་དོན་གྱི་འཆར་གཞི་ནན་ཏན་ངང་བཟོས་པ་དང་། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་དམིགས་ཚད་དང་། བླང་བྱ། ཆ་རྐྱེན་བཅས་ཁ་གསལ་གཏན་འཁེལ་བྱས་ཏེ། བབ་བསྟུན་ཇུས་འདོན་ངང་ལས་ཁུངས་དང་། བྱ་གཞག སྤྱི་དབང་མིན་པའི་རྩ་འཛུགས། ཤང་དང་གྲོང་རྡལ་བཅས་ཀྱི་ཁྱབ་ཁོངས་དང་ཁྱད་ཆོས་མི་འདྲ་བར་དམིགས་ནས་གཙོ་གནད་མི་གཅིག་པ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གཏན་འཁེལ་བྱས་ཤིང་། “ཏང་ཞུགས་ཧུར་བརྩོན་ཅན་དང་ཏང་ཡོན་འཕེལ་རྒྱས་གཏོང་བའི་བསྡུར་ཚད་3:1ལས་མི་དམའ་བའི”བླང་བྱར་ནན་པོར་གཞིགས་ནས། ཏང་ཡོན་འཕེལ་རྒྱས་གཏོང་བའི་འོས་སྦྱོར་དང་། སྤ་སེས་བརྡས་ཐག་གཅོད་པ། ཐོག་མའི་འདྲི་ཞིབ། འགན་འཁྲི་བདའ་འདེད་སོགས་ཀྱི་ལས་དོན་འཐུས་སྒོ་ཚང་དུ་བཏང་བ་རེད།

“གསོ་སྐྱོང”བྱེད་རྒྱུ་རྨང་གཞིར་བྱས་ནས་བསམ་བློའི་སློབ་གསོ་ཚད་ལྡན་ཡོང་བར་བྱེད་རྒྱུ་མཐའ་འཁྱོངས་བྱས་པ། ཏང་ཡོན་ལ་སློབ་གསོ་གཏོང་བའི་ལས་དོན་དེ་ཡུན་རིང་གི་ལས་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། གསོ་སྦྱོང་གི་ཐོན་ཁུངས་བསྡུ་སྒྲིལ་དང་། གསོ་སྐྱོང་གི་ལམ་སྲོལ་འཐུས་ཚང་། བབ་བསྟུན་ངང་རིགས་དབྱེའི་སློབ་ཁྲིད་བཅས་བྱས་ནས་སློབ་གསོ་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་ཞིང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ། སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་བཅས་ཀྱི་ནང་དོན་ལ་གཙོ་བོར་དམིགས་ནས། གཅིག་སྡུད་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་བྱས་ཏེ་ཏང་ཡོན་གྱི་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་བ་མ་ཟད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་གཏམ་བཤད་འགྲན་བསྡུར་དང་། ཤེས་བྱའི་འགྲན་བསྡུར་ཐེངས་48གཉེར་བ་དང་། ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཐེངས་900ལྷག་འཚོགས་པ་རེད།

“བེད་སྤྱོད”བྱེད་རྒྱུ་གལ་ཆེར་བརྩིས་ནས་ནུས་པ་ཡང་དག་འདོན་རྒྱུ་མཐའ་འཁྱོངས་བྱས་པ། ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་རྒྱུར་ཁྲིད་སྟོན་བྱས་ནས། རྒྱལ་རྩེ་རྫོང་གིས་ཏང་ཡོན་དང་བླངས་ཞབས་ཞུའི་བྱེད་སྒོ་དང་ཟུང་འབྲེལ་དང“མང་ཚོགས་དང་ཏང་གི་དགོས་མཁོ་ཆེ་སར་ཏང་ཡོན་གྱིས་ནུས་པ་ཅི་ནུས་འདོན་རྒྱུར”དམིགས་ཏེ་འོས་འགན་ངང་ཤིང་འཛུགས་དང་། ཞིང་པར་སྟོན་ལས་བྱེད་རོགས། ཁོར་ཡུག་དག་ཐེར། འོས་འགན་ངང་སྐོར་གཡེང་། སྲིད་ཇུས་དྲིལ་བསྒྲགས། འཚམས་འདྲི་དང་རོགས་རམ་སོགས་ཀྱི་བྱེད་སྒོ་མང་དག་གཏིང་ཟབ་ངང་སྤེལ་བ་རེད། དབུལ་སྒྲོལ་འགག་སྒྲོལ་ལས་དོན་དང་ཟུང་འབྲེལ་བྱས་ནས་རྒྱལ་རྩེ་རྫོང་གི་རིམ་ཁག་ཏང་ཡོན་ལས་བྱེད་པས་གཅིག་སྡུད་ངང་སྒྲོག་འགྲེལ་དང་། དུང་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ། ལག་དེབ་སྤྲོད་པ། ཞིང་ནང་དང་མུ་ཁར་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་སྒྲོག་འགྲེལ་ཐེངས་2325བྱས་པ་དང་། བོད་གསར་རྙིང་བསྡུར་བའི་སློབ་གསོ་ཐེངས་465བརྒྱབ་པ། ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ཐེངས་ཁྲི་1.1བྱས་པ། བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་གཟིགས་སྐྱོང་སྲིད་ཇུས་དཔྱད་ཡིག་སྣ་ཚོགས་ཁྲི་4.8ལྷག་བཀྲམ་པ། མང་ཚོགས་མི་ཐེངས་ཁྲི་29.19ལ་སློབ་གསོ་ཐེབས་པ་བཅས་བྱུང་བ་རེད།