《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

སྣ་དཀར་རྩེ་རྫོང་གིས།

ཐོན་ལས་རྣམ་གྲངས་ལ་བརྟེན་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་ཀྱི་རིམ་པ་སྤར་བ་དང་མཐོ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་སྣ་དཀར་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་སྣ་དཀར་རྩེ་རྫོང་དབུལ་སྒྲོལ་འགག་སྒྲོལ་སྤྱི་འདོམས་བསྡུ་སྒྲིལ་རྣམ་་གྲངས་དང་ཐོན་ལས་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྫོང་དེས་འདི་ལོ་ཐོན་ལས་རྣམ་གྲངས་23གཙོ་གནད་དུ་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་ཡོད།

རྣམ་གྲངས་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད། རྫོང་དེས་ཨར་ལས་ཕྱོགས་དང་གླ་པའི་དབར་དུས་ཐོག་ཏུ་མི་སྤྱོད་ཀྱི་གན་རྒྱ་འཇོག་པ་དང་ལས་མིའི་གླ་ཕོགས་གཱ་གཉེར་ནས་ཟླ་རེ་བཞིན་གླ་ཆ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད། དུས་ཚོད་ཀྱི་མཚམས་ཚིག་ལ་དམ་པོར་དམིགས་ནས་ལས་ཡུན་ལྡོག་སྒྲིག་དང་གོ་རིམ་ནན་དུ་བཏང་སྟེ་སྤུས་འབོར་གཉིས་ལྡན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་ཡོད། མ་དངུལ་འགན་ལེན་ཡག་པོ་བྱེད་པ་དང་འབྲེལ་མཐུད་ལ་ཤུགས་སོན་བརྒྱབ་ནས་ཐོན་ལས་ཐད་མི་འདང་བའི་མ་དངུལ་དུས་ཐོག་ཏུ་དམིགས་སར་འབྱོར་བ་དང་དུས་ཐོག་ཏུ་གཏོང་སྤྲོད་ཐུབ་པའི་འགན་ལེན་བྱས་ཡོད། ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་འཛུཌ་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་གོ་རིམ་གཞིར་བཟུང་། དུས་ཐོག་ཏུ་ལས་མཇུག་འགྲིལ་བའི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱས་ཡོད།