《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས།

མི་རིགས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཟླ་བའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྗོངས་མི་རིགས་ལས་དོན་ཨུ་ལྷན་ཏང་ཙུའུ་ཡིས་གཅིག་སྡུད་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་དང་། ཟུར་ཁྲིད་འཆད་ཁྲིད་དང་ཆེད་དོན་བགྲོ་གླེང་ཟུང་འབྲེལ་སོགས་ཀྱི་བྱེད་སྟངས་སྤྱད་དེ། ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཕྱོགས་ནས་མི་རིགས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཟླ་བའི་བྱེད་སྒོ་སྤེལ་ཏེ་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་། རྒྱལ་ཡོངས་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན། ལྗོངས་ཡོངས་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་བཅས་ཀྱི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་ཏེ། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཀྱི་གཞི་རྩའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་པ་རེད།