《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

ལྷོ་ཁ་གྲོང་ཁྱེར་གྱིས།

གསར་དུ་བསྐོ་གཞག་བྱས་པའི་གཞི་རིམ་ལས་བྱེད་པར་རེས་མོས་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་གསར་དུ་མངགས་པའི་གྲོང་སྡོད་ལས་བྱེད་པ་དང་གསར་དུ་བསྐོ་གཞག་བྱས་པའི་ཤང་དང་གྲོང་ཚོའི་ལས་བྱེད་པ་720ལ་རེས་མོས་གསོ་སྦྱོང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྦྱོང་འཛིན་གྲྭ་བཙུགས་ནས་རེས་མོས་གསོ་སྦྱོང་བྱས་ཤིང་། ད་ཐེངས་ལྷོ་ཁ་གྲོང་ཁྱེར་གྱི་གསར་དུ་མངགས་པའི་གྲོང་སྡོད་ལས་བྱེད་པ་དང་གསར་དུ་བསྐོ་གཞག་བྱས་པའི་ཤང་དང་གྲོང་ཚོའི་ལས་བྱེད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་སྒོའི་བྱང་ཚད་མཐོར་གཏོང་གི་གཙོ་གནད་གསོ་སྦྱོང་འཛིན་གྲྭ་དེ་ཁག་ཐེངས་གསུམ་ལ་དབྱེ་ནས་དུས་ཡུན་ཉིན་15གསོ་སྦྱོང་བྱས་པར། གསར་དུ་མངགས་པའི་གྲོང་སྡོད་ལས་བྱེད་པ་དང་གསར་དུ་བསྐོ་གཞག་བྱས་པའི་ཤང་དང་གྲོང་ཚོའི་ལས་བྱེད་པ་ཁྱོན་720ཡི་བྱང་ཚད་གོང་མཐོར་སོང་ཡོད།