《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

མཚོ་སྨད་རྫོང་གིས“ཚོགས་གསུམ་སློབ་གཅིག”གི་ཚོགས་འདུར་ཟུར་ཉན་ལམ་ལུགས་ལག་བསྟར་བྱས་ནས།

ལས་ཁུངས་ཏང་འཛུཌ་སྐྱོང་གི“སྒྲོན་འོག་མུན་པའི”གནད་དོན་ཐག་གཅོད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་། མཚོ་སྨད་རྫོང་གིས“གཞི་རྩའི་ཆ་གཉིས་དང་ཅན་གཉིས”ཀྱི་ལས་འགན་ལ་དམིགས་ནས། “ཚོགས་གསུམ་སློབ་གཅིག”གི་ཚོགས་འདུར་ཟུར་ཉན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་རྫོང་ཨུད་རྩ་འཛུགས་པུས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་སྐབས་བསྟུན་ངང་རྫོང་གི་ཐད་གཏོགས་ལས་ཁུངས་ཁག་གི་ཏང་རྩ་འཛུགས་ཀྱི་ཏང་ཡོན་གྱི་ཚོགས་འདུ་དང་། ཀྲི་པུའུ་ཨུ་ལྷན་གྱི་ཚོགས་འདུ། ཏང་གི་སློབ་ཚན་བྱེད་སྒོ་བཅས་ལ་ཞུགས་ནས་གནད་དོན་དངོས་དུས་ཐོག་ཏུ་ཕྱིར་སྤྲོད་དང་། དུས་བཀག་ལྟར་ལྟ་སྐུལ་དག་ཐེར་བྱས་ནས་ལས་ཁུངས་ཏང་འཛུགས་སྐྱོང་གི“སྒྲོན་འོག་མུན་པ”དང“ངོ་གཉིས་མའི”གནད་དོན་ཐག་གཅོད་བྱས་པ་རེད།

མིག་སྔའི་བར། རྫོང་དེའི་རྩ་འཛུགས་པུས་རྫོང་ཨུད་གཞུང་དོན་ཁང་དང་། མི་དམངས་འཐུས་ཚོགས་གཞུང་དོན་ཁང་། སྲིད་གཞུང་གཞུང་དོན་ཁང་། སྲིད་གྲོས་གཞུང་དོན་ཁང་། ཞིབ་དཔྱོད་ཁང་། ཁྲོམ་ར་ལྟ་འདོམས་ཅུས་སོགས་རྫོང་ཐད་གཏོགས་ཀྱི་ཏང་ཀྲི་པུའུ་14“ཚོགས་གསུམ་སློབ་གཅིག”ནང་ཞུགས་ནས་ས་གནས་ཐོག་ཏུ་གནད་དོན་11ཚུར་ལན་བྱས་པ་རེད།

ཟླ་3པ་ནས་བཟུང་། མཚོ་སྨད་རྫོང་ཨུད་རྩ་འཛུགས་པུས་ལས་ཁུངས་ཏང་ཀྲི་པུའི“ཚོགས་གསུམ་སློབ་གཅིག”འཆར་གཞི་བསྡུ་རུབ་བྱས་ནས་ཏང་ཀྲི་པུའི་ཁག་གི་ཚོགས་འདུ་ཚོགས་སྟངས་དང་། ཚོགས་ཡུན། ཚོགས་ར། ཚོགས་འདུའི་གྲོས་རིམ་བཅས་ཤེས་རྟོགས་བྱས་ཏེ་མངོན་གསལ་དོད་པའི་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་སོགས་གཙོ་གནད་ཀྲི་པུའུ་ལ“བརྡ་ལན་མི་གཏོང་བ”དང་སྐབས་བསྟུན་ངང་སྡེ་ཚན་གྱི“ཚོགས་གསུམ་སློབ་གཅིག”ནང་ཟུར་ཞུགས་བྱེད་དུ་བཅུག་ནས་སྤུས་ཚད་ལ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་པ་རེད།

“ཚོགས་གསུམ་སློབ་གཅིག”གི་ཚོགས་འདུར་ཟུར་ཉན་བྱེད་པ་དང་། སྤུས་ཚད་ལ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་བྱེད་སྒོ་ཡག་པོ་སྤེལ་ཆེད། མཚོ་སྨད་རྫོང་ཨུད་རྩ་འཛུགས་པུས་ཟུར་ཉན་ནང་དོན་ཞིབ་ཕྲ་བཟོ་བ་དང་། སྤུས་ཚད་ལ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་རེའུ་མིག་བཟོས་ནས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་ཏང་འཛུགས་སྐྱོང་གི་ལས་སྒོའི་གཅིག་སྡུད་གསོ་སྦྱོང་བྱས་པ་རེད། “ཚོགས་གསུམ་སློབ་གཅིག”གི་སྤུད་ཚད་ལ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་འབྲས་དེ་ཏང་འཛུགས་སྐྱོང་གི་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ལ་བརྩིས་པ་དང་འབྲེལ“ལེགས་དང་། ཅུང་ལེགས། སྤྱིར་བཏང་། ཞན”བཅས་ཀྱི་རིམ་པ་གཏན་འཁེལ་བྱས་ནས་ཁྱབ་ཁོངས་ངེས་ཅན་ནང་བརྡ་ཁྱབ་བཏང་སྟེ་ཕྱོགས་བསྡུས་གདེང་འཇོག་གི་རིམ་པ“ཞན་པའི”ཀྲི་པུའུ་ལ་སྐོང་འདྲི་དང་དྲན་སྐུལ་བྱས་པ་དང་དུས་བཀག་ནང་དག་ཐེར་ཡང་བྱས་པ་རེད།

“ཚོགས་གསུམ་སློབ་གཅིག”གི་ཚོགས་འདུར་ཟུར་ཉན་དང་། སྤུས་ཚད་ལ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་བྱེད་སྒོ་བརྒྱུད། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས“འགན་འཁྲི་བ་དང་པོའི”འགན་འཁྲི་སྒྲུབ་པར་ལྟ་སྐུལ་བྱས་པ་དང་། ལས་ཁུངས་ཏང་ཀྲི་པུའུ་ལ“ཚོགས་གསུམ་སློབ་གཅིག”གི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་བྱེད་སྒོའི་ཕན་འབྲས་དང་། མང་ཚོགས་ཀྱི་སྙན་གྲགས། མིག་དཔེའི་ནུས་པ། ཞབས་ཞུའི་འདུ་ཤེས། ལས་ཀའི་འཇོན་ཐང་བཅས་ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་དང་ལས་སྒོའི“སྐུལ་འདེད་གཉིས”དང“མཐོར་གཏོང་གཉིས”ལ་སྐུལ་འདེད་བཏང་ཡོད།