《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྲིད་གཙང་གི་ཉེན་བརྡ་གཏོང་བའི་སློབ་གསོ་གཏིང་ཟབ་སྤེལ་ནས།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྲིད་གཙང་ཉེན་བརྡ་གཏོང་བའི་སློབ་གསོའི་ཟླ་བའི་བྱེད་སྒོ་རྒྱུན་མཐུད་སྤེལ་ནས། ལས་བྱེད་པ་དང་ལས་བཟོའི་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

གཅིག་ནས་གྱོད་གཞི་བསླབ་སྡོམ་དུ་བྱས་ནས་བསླབ་བྱ་དང་ལེན་ཧུར་ཐག་བྱས་ཤིང་། མི་དམངས་དངུལ་ཁང་གཞེས་རྩེ་ལྟེ་བའི་ཉིང་ལག་དངུལ་ཁང་གིས“ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི”དཔེ་སྟོན་ལས་ཁུངས་འཛུགས་གཏོད་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཉེན་བརྡ་གཏོང་བའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་དང་། ཉེན་བརྡ་གཏོང་བའི་སློབ་གསོའི་པར་གཞི་ལྟ་རུ་འཇུག་པ། “སྲིད་གཙང་དར་སྤེལ”ཀྱི་བྱེད་སྒོ་སྤེལ་ནས་མྱོང་ཚོར་གླེང་བ། ས་གནས་ཀྱི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་དང་རང་འགུལ་ངང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཏང་གི་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་ཆེད་དོན་འཆད་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཏང་ཡོན་དང་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་རེད།

གཉིས་ནས་གྱོད་གཞིར་བརྟེན་ནས་ཉེན་བརྡ་བཏང་སྟེ་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཞིང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་གཉིས་ཀྱི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་མི་དམངས་དངུལ་ཁང་ཁོངས་གཏོགས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་དཔེ་མཚོན་དུ་བྱས་ཏེ། སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་དུས་བཀག་ལྟར་བརྡ་ཁྱབ་གཏོང་བ་དང་གྱོད་གཞི་ཚབས་ཆེན་དང་དཔེ་མཚོན་གྱོད་གཞིར་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་ནས་ཉེན་བརྡ་གཏོང་བའི་སློབ་གསོ་གཏིང་ཟབ་སྤེལ་ཡོད། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་རྟག་ཏུ་དྲིལ་བསྒྲགས་དང་སློབ་གསོ་གཏོང་བ་དང་ཉེན་བརྡ་གཏོང་བའི་སློབ་གསོའི་པར་གཞི་དང《འགྱོད་བཤགས་ཟིན་ཐོ》སློབ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་འགྲེལ་བཤད་བརྒྱབ་པ་རེད།

གསུམ་ནས་གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་བཏང་སྟེ་རྩ་ལག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ཅིང་། སློབ་གསོ་དང་། ཞིབ་ལྟ། དག་ཐེར་སོགས་གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། མི་དམངས་དངུལ་ཁང་གཞིས་རྩེ་ལྟེ་བའི་ཉིང་ལག་དངུལ་ཁང་གི་སྤྱི་དོན་དབང་ཆའི་གསལ་ཐོ་དང་ལས་དོན་མི་སྣ་འགྲོ་འོང་གི་བཀག་རྒྱ་གསལ་ཐོ་འཐུས་སྒོ་ཚང་དུ་གཏོང་བ་དང་། “གསལ་པོ་ལྔའི”སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་རེས་ཀྱི་ལམ་ལུགས་འཛུགས་པ། འཚམས་ལན་སློབ་གསོའི་ལམ་ལུགས་དོན་འཁྱོལ་ནན་ཏན་བཅས་བྱས་ཡོད། སྒྲིག་ཨུད་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་དག་ཐེར་དོན་འཁྱོལ་བྱེད་དགོས་པའི་གནད་དོན་དག་ལོ་འཁོར་གྱི་ལས་འགན་བསྒྲུབས་ཚུལ་དང་སྤྱོད་གཙང་བསྐྱངས་ཚུལ་གསལ་ཞུའི་ལས་དོན་ནང་བཅུག་ནས། བཤེར་འདོན་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དག་ཐེར་རྩིས་ཐོ་བཟོས་པ་དང་ཐོ་སུབ་པའི་དག་ཐེར་ལམ་ལུགས་ལག་བསྟར་བྱས་པ་རེད།

བཞི་ནས་གྱོད་གཞིར་བརྟེན་ནས་སྤྱོད་གཙང་ཡོང་བ་བྱས་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་བཏང་ཞིང་། “འགན་འཁྲི་གཉིས”དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་དང་། ཚན་ཁག་ལ་འགོ་ཁྲིད། དཔུང་ཁག་གི་སྣེ་འཁྲིད་བཅས་བྱེད་པར་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཡོད། སྡེ་ཚན་ཁག་གི་དབང་ཆའི་གསལ་ཐོ་དང་། ལས་དོན་མི་སྣ་འགྲོ་འོང་གི་བཀག་རྒྱའི་གསལ་ཐོ། བྱེད་པོའི་འགན་འཁྲིའི་གསལ་ཐོ། གནད་དོན་དག་ཐེར་གྱི་གསལ་ཐོ་བཅས་ཀྱི་སྟབས་བསྟུན་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ལས་གནས་ཀྱི་སྲིད་གཙང་གི་ཉེན་ཁ་གནས་སར་སྟབས་བསྟུན་གསེད་བཀྲོལ་བྱེད་པ། དབང་ཆར་ལྟ་སྐུལ་ཚོད་འཛིན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཡོད། སྒྲིག་ཨུད་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དུས་བཀག་ལྟར་ཚུན་ལན་བྱེད་པ་དང་། འགག་རྩའི་ཁྱབ་ཁོངས་དང་གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་པ། གཙོ་གནད་མི་དང་དོན་དག་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་རོགས་བྱས་ཡོད་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། པ་ཚེས་ཞུས)