《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月02日

ཏང་འཛུགས་སྐྱོང་དང་བོད་སྐྱོར་གྱིས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ།

—— ཧྲན་ཏུང་བོད་སྐྱོར་གྱིས་གཞིས་རྩེ་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

འདི་ནི་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་གསེར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་དོན་གྲུབ་ཀྱིས“ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས”སུ་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་སྒྱུར་བཞིན་པ།

“ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས”ནི་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་དང་གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་མཉམ་དུ་བསྐྲུན་པའི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་ཆེའི་དྲ་ཚིགས་དང་། ཆ་འཕྲིན་ཁྱབ་བསྒྲགས། གླེང་ཕྱོགས་ཁྲིད་སྟོན། སློབ་སྦྱོང་སྤེལ་རེས། ཏང་འཛུགས་སྐྱོང་གི་ལས་སྒོ། གྲངས་གཞི་ཆེ་མོའི་དབྱེ་ཞིབ། སྒུལ་བདེའི་དུད་སྣེ། སྐད་འཕྲིན་སྤྱི་རྟགས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཏང་འཛུགས་སྐྱོང་གི་ཆ་འཕྲིན་ཅན་གྱི་ལས་སྟེགས་ཐོག་མ་དེ་རེད།

དྲ་ཐོག་སྦྲེལ་མཐུད། འགྲོ་ལུགས་སྟབས་བདེ་ལ་ཆ་འཕྲིན་མང་ཙམ་ཐོབ་པ།

“སྔོན་མ་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་སྒྱུར་སྐབས་རིམ་པ་བཞིན་ཞིབ་མཆན་འགོད་དགོས་ཀྱི་ཡོད། སྐབས་འགར་འགྲོ་ལུགས་གཉེར་མཁན་རྙེད་ཁག་པོ་ཡོད་པ་དང་ཡང་བསྐོར་བསྐྱར་བསྐོར་བྱེད་པ་དེས་ཏང་ཡོན་ལ་ལས་ཀ་ཐོལ་པ་བཟོ་གི་ཡོད། ཏང་ཡོན་ལ་ལས་རྙོག་དྲར་འཛེམས་ཏེ་ཐད་ཀར་རྩ་འཛུགས་ཀྱི་འབྲེལ་བའི་ངོ་སྤྲོད་ཡི་གེ་རང་ཉིད་ཀྱིས་ཉར་ནས་སྡོད་ཀྱི་ཡོད། ད་ཆ‘ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་ཡོད་པར་བརྟེན་རྩ་འཛུགས་ཀྱི་འབྲེལ་བ་སྒྱུར་སྐབས་ཀྲི་པུའུ་ལ་རེ་བ་ཞུས་ན་འགྲིག་པ་དང་རིམ་ཁག་ཏང་དོན་ལས་དོན་པས་དྲ་ཐོག་ནས་འགྲོ་ལུགས་གཉེར་གྱི་ཡོད”ཅེས་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཧྥན་གྱིས་བཤད།

ད་ཆ་གྲོང་ཁྱེར་ཡོངས་སུ་མི་ཐེངས་11989ཡིས་ལས་སྟེགས་དེ་ལ་བརྟེན་ནས་རྩ་འཛུགས་ཀྱི་འབྲེལ་བ་དང་ལེན་དང་བསྒྱུར་བ་ལས། ཏང་ཡོན་མི་ཐེངས་ཁྲི་6027དང་ལེན་དང་། ཏང་ཡོན་མི་ཐེངས་5962ཀྱི་རྩ་འཛུགས་ཀྱི་འབྲེལ་བ་བསྒྱུར་ཡོད། “རྩ་འཛུགས་ཀྱི་འབྲེལ་བ་དྲ་ཐོག་ནས་བསྒྱུར་བ་དེ་ནི་དོན་དམ་པར་ཏང་ཡོན་གྱི་ཆ་འཕྲིན་མཛོད་དུ་ཏང་ཡོན་གྱི་ཏང་རྩ་འཛུགས་ཀྱི་ཁོངས་གཏོགས་འབྲེལ་བ་ལེགས་སྒྲིག་བྱས་པ་ཙམ་ལས། སྲོལ་རྒྱུན་གྱི་དྲ་གཤམ་བརྒྱུད་སྤྲོད་བརྒྱུད་རིམ་དང་རིམ་ཁག་ཏང་རྩ་འཛུགས་ཀྱི་ཞིབ་མཆན་དབང་ཚད་ལ་འགྱུར་བ་མེད་པས། ཏང་ཡོན་གྱི་དུས་ཚོད་གྲོན་ཆུང་ཐུབ་པ་དང་ལས་ཆོད་ཆེ་རུ་ཕྱིན་པ་མ་ཟད། ནམ་རྒྱུན་་འབྲེལ་བ་སྒྱུར་སྐབས་དཔང་རྟགས་བརླགས་པ་དང‘ཁུག་མའི’ཏང་ཡོན་སོགས་ཀྱི་སྣང་ཚུལ་སྔོན་འགོག་ནུས་ལྡན་ཐུབ་ཡོད་ཅེས་ཀྲོའུ་ཧྥན་གྱིས་བཤད།

མི་རྣམས་དེ་བས་དགའ་འོས་པ་ཞིག་ལ2019ལོར། “ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས”དང་ཧྲན་ཏུང་གི“ལམ་སྟོན་སྒྲོན་མེ—ཏང་འཛུགས་སྐྱོང་དྲ་ཐོག”གི་དྲ་རྒྱའི་ལས་སྟེགས་ཕན་ཚུན་སྦྲེལ་མཐུད་ཐུབ་ནས་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་ཁག་བརྒྱད་པ་དང་ཁག་དགུ་པ་བརྗེ་སྐབས་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་གཞིས་རྩེར་བསྒྱུར་ཏེ་ལས་སྟེགས་གཉིས་ཕན་ཚུན་སྦྲེལ་མཐུད་ལེགས་གྲུབ་བྱུང་བ་དེ་རྒྱལ་ཡོངས་སུ་ཨང་དང་པོ་རེད།

དྲ་གཅིག་ནུས་མང་།

སྒུལ་ཤུགས་གསར་པ་སྦྱིན་པ་དང་དཀའ་གནད་བསལ་བ།

“ལས་སྟེགས་དེས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་པ་མ་ཟད། དཀའ་གནད་མི་ཉུང་བ་ཞིག་ཐག་གཅོད་ཀྱང་བྱུང་ཡོད། ད་ཆ་རྩ་འཛུགས་ཀྱི་འཚོ་བ་དེ་བས་ཚད་ལྡན་དང་། གོ་རིམ་དེ་བས་ནན་པ། གནད་དོན་ཤེས་རྟོགས་དེ་བས་དུས་ཐོག གནས་ཚུལ་ཁོང་དུ་ཆུད་ཚད་དེ་བས་ཕྱོགས་ཡོངས། མཛུབ་ཁྲིད་ལས་དོན་དེ་བས་གནད་སྨིན། ལས་དོན་ལ་དེ་བས་ཕན་འབྲས་ཆེན་པོ་ཐོབ་པ་བཅས་བྱུང་ཡོད”ཅེས“ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས”ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་འགྱུར་ལྡོག་བྱུང་བའི་སྐོར་གླེང་སྐབས། པ་སྣམ་རྫོང་དགའ་གདོང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་བསྔགས་བརྗོད་བྱེད་བཞིན་བཤད།

“ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས”ཀྱི་སྐོར་གླེང་སྐབས་། ལོ་26ལ་སླེབས་པའི་ན་གཞོན་ཏང་ཡོན་ཚེ་རིང་དབང་ལགས་ཀྱི“ད་ཆ་ངས་ལག་ཐོགས་ཁ་པར་སྤྱད་དེ་ཏང་ཀྲི་པུའུ་ཡིས་བཀོད་སྒྲིག་བྱས་པའི་སློབ་སྦྱོང་གི་ལས་འགན་བསྒྲུབས་ན་དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད། སློབ་སྦྱོང་བྱེད་བདེ་རུ་ཕྱིན་པ་དང་སློབ་སྦྱོང་གི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་འདུག དེའང་ཆབ་སྲིད་སྐོར་གྱི་ནང་དོན་དང་ཕྱུག་འགྱུར་ལག་རྩལ་གྱི་ནང་དོན་ཡོད་པ་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཡོད་པ་བརྟེན་ང་ཚོ་ན་གཞོན་ཏང་ཡོན་འཚར་ལོངས་ཡོང་བར་ཕན་ཐོཌ་ཆེན་པོ་འདུག”ཅེས་བཤད་བྱུང་།

“ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས”ལ་སྐར་མ་གསོག་པའི་ལམ་ལུགས་དོ་དམ་ལག་བསྟར་བྱེད་པ་དང་ཏང་ཡོན་གྱི་དྲ་ཐོག་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་གྱི་སློབ་གསོའི་རེས་སྐོར་གསོ་སྦྱོང་ཕྱོགས་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་པ་དང་འབྲེལ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་ཀྱང་བཏང་ཡོད། ལས་སྟེགས་ཐོག་ད་དུང“ཏང་འཛུགས་སྐྱོང་གི་དྲ་ཐོག་དཔེ་དེབ་ཁང”བཙུགས་པའི་ནང་དཔེ་དེབ་ཁྲི་3.8དང་། དུས་དེབ་རིགས་4000ལྷག་ཙམ། ཚགས་པར་རིགས་400ལྷག་ཙམ་བཅས་བསྡུ་ལེན་བྱས་ཏེ་ཏང་ཡོན་དང་མང་ཚོགས་དྲ་ཐོག་ནས་ལྟ་ཀློག་བྱེད་པར་མཁོ་འདོན་བྱས་པ་མ་ཟད། ད་དུང་དྲ་ཐོག་ནས་ཉན་ཐུབ་པའི་དཔེ་དེབ་སྣ་ཁ་1200ལྷག་ཙམ་ཡོད་པ་རེད།

གྲངས་བརྟེན་ལས་སྒྲུབ།

ཐབས་ཇུས་ཚན་རིག་དང་མཐུན་པ་དང་ལས་དོན་གནད་ལ་འཁེལ་བ།

ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་ལྟེ་གནས་དོ་དམ་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་། ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཅན་ཝུའེ་ཡིས“ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས”ཀྱིས་མདུན་ཕྱོགས་སུ་ཏང་འཛུགས་སྐྱོང་ལས་སྒོ་གཉེར་བ་དང་། རྒྱབ་ཕྱོགས་སུ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་གྲངས་གཞི་ཆེ་མོ་གཅིག་སྡུད་དང་དབྱེ་ཞིབ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་གི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་པ་མ་ཟད། གཞི་རིམ་ཏང་འཛུགས་སྐྱོང་གི་འགུལ་ཕྱོགས་གསར་པ་དང་། འཕེལ་ཕྱོགས་གསར་པ། ཆོས་ཉིད་གསར་པ་བཅས་ཁོང་དུ་ཆུད་པ་བྱས་ཏེ་ལྷག་པའི་གནད་དོན་དང་ཞན་ཆ་བཙལ་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུར་ཕྱོགས་ཡོངས་དང་། ངོ་མ། ནུས་ཆེ་བཅས་ཀྱི་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

“ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་”ཡག་པོ་སྤྱད་པ་དང་ཆབས་ཅིག་གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་ཐོག་མཐའ་བར་གསུམ་དུ་ལས་སྟེགས་ཀྱི་ཆབ་སྲིད་ཀྱི་བདེ་འཇགས་དང་། ཆ་འཕྲིན་གྱི་བདེ་འཇགས། དྲ་རྒྱའི་བདེ་འཇགས། མ་ལག་གི་བདེ་འཇགས། གྲངས་གཞིའི་བདེ་འཇགས་བཅས་གནས་བབ་ཨང་དང་པོར་བཞག་ནས་ཚུར་རྒོལ་ལ་འགོག་ཟོན་དང་། གསང་ཨང་བཙན་དུ་གཏོང་བ། དོ་དམ་ལ་ཤུགས་སྣོན། དཔུང་ཁག་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་། ཡུན་རིང་འཁོར་སྐྱོད་སོགས་ཕྱོགས་མང་པོར་བྱེད་ཐབས་ནུས་ལྡན་སྤྱད་དེ་འཁོར་སྐྱོད་བརྟན་པོ་དང་འཕྱུགས་པ་གཏན་ནས་མི་ཡོང་བ་བྱས་ཡོད། འདི་ལོའི་ལོ་སྟོད་བར་ལས་སྟེགས་དེས་ཏང་རྩ་འཛུགས་4796དང་ཏང་ཡོན་73380གྱི་ཆ་འཕྲིན་འཚོལ་བསྡུ་བྱས་པས་འཚོལ་བསྡུ་བྱེད་དགོས་རིགས་ཚང་མ་འཚོལ་བསྡུ་ཐུབ་ཡོད། དྲ་ཕྱིའི་དངོས་ཚན་ཏང་ཀྲི་པུའུ་4234ཡིས་ལས་སྟེགས་སུ་དུས་མཉམ་དུ་དྲ་ཐོག་ཀྲི་པུའུ་བཙུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར“ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས”སུ་རིམ་རྩིས་བྱས་ན་རིགས་ཁག་གི་ཏང་འཛུགས་སྐྱོང་གི་གལ་ཆེའི་གསར་འགྱུར་དང་། འགུལ་རྣམ། ཉམས་མྱོང་བྱ་ཐབས་བཅས་ཀྱི་རྩོམ་ཡིག་10515ཁྱབ་བསྒྲགས་བྱས་པ་དང་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་སློབ་ཚན་5693ཁྱབ་བསྒྲགས་བྱས་ཡོད། ལག་ཐོགས་ཁ་པར་དུད་སྣེ་ཕབ་ལེན་བྱེད་མཁན་58726དང་། སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱེད་མཁན62761ཟིན་ཡོད། ཏང་ཡོན་དང་མང་ཚོགས་ཚོས་དྲ་བར་བལྟས་པའི་གྲངས་ཚད་དང་རིམ་ཁག་ཏང་དོན་ལས་དོན་པས་ལས་སྟེགས་སུ་རིགས་ཁག་གི་ཏང་འཛུགས་སྐྱོང་གི་ལས་སྒོ་གཉེར་བར་འདྲི་གཏུག་བྱེད་ཚད་མི་ཐེངས་12556007ཟིན་ཡོད།