《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月01日

ས་བཀྲ་ཚད་ལྡན་སྤྱོད་པར་ ནོར་འཁྲུལ་རྩ་བ་ནས་ ཤོར་མི་རུང་།

ཉེ་ཆར། ཧྲའན་ཤིས་ཞིང་ཆེན་ཐིག་ལེན་རིས་འབྲི་དང་ས་ཁམས་ཆ་འཕྲིན་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་ས་ཆ་ཁག་ཏུ“ས་བཀྲ་ཚད་ལྡན་སྤྱོད་པར་ནོར་འཁྲུལ་རྩ་བ་ནས་ཤོར་མི་རུང”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གྲོང་མིར་ཐིག་ལེན་རིས་འབྲི་དང་ས་ཁམས་ཆ་འཕྲིན་དང་རྒྱལ་ཁབ་ཀྱི་མངའ་ཁོངས་ས་བཀྲའི་ཤེས་བྱ་ངོ་སྤྲོད་བྱས་པ་རེད། འདི་ནི་གྲོང་མིས་ཧན་ཀྲུང་གྲོང་ཁྱེར་དུ་རྒྱལ་ཡོངས་ཐིག་ལེན་རིས་འབྲིའི་བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་དཔྱད་ཡིག་ལེན་བཞིན་པ།