《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月01日

མཐུན་སྒྲིལ་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་། དེས་སླད་ཕྱིན་གྱི་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བས། གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་དུས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། མཐུན་སྒྲིལ་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུ་ཡིན་ཞེས་བཤད།

ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནི་1951ལོར་བཙུགས་ཤིང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་དུ་བཙུགས་པའི་དེང་རབས་ཀྱི་སློབ་གྲྭ་དང་པོ་དེ་རེད། སློབ་སྤྱི་ལི་ཏུང་རུའེ་ཡིས་འདི་ལོ་ནི་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པ་དང་སང་ལོ་ནི་སློབ་གྲྭ་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་རེད། སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས་གསར་བརྗེའི་འགྲེམས་སྟོན་ཁང་དང་། འཛིན་གྲྭའི་རུ་ཁག་གི་ཚོགས་འདུ། གཏམ་རྒྱུད་བརྗོད་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱས་ནས་ང་ཡི་ཀྲུང་ཧྭ་ལ་དགའ་བའི་ས་བོན་ལོ་ཆུང་བྱིས་པ་ཚང་མའི་སེམས་ནང་འདེབས་རྒྱུ་ཡིན་ཞེས་བཤད།

རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ཐུགས་ལ་བཅངས་ནས་ང་ཚོའི་ལས་དོན་ལ་དེ་བས་མཐོ་བའི་བླང་བྱ་དང་དེ་བས་ཞིབ་ཚགས་ཀྱི་ལས་འགན་བཏོན་གནང་ཡོད”བོད་ལྗོངས་མངའ་རིས་ས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་འཇམ་དབྱངས་ཚེ་རིང་གིས་མངའ་རིས་འདི་ཉིད་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་མངའ་རིས་ས་ཁུལ་གྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་དང་། མི། ཏང་ཡོན་ལས་བྱེད་པ་བཅས་ལ་ཐུག་ཡོད།

མཚོ་གཉིས་རྫོང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཝུན་ཧྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་བོད་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཡོད་པས། ང་ཚོས་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བར། ལས་དོན་ཁྲོད་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་དེ་བས་མཐོ་པོ་ཡོང་བ་བཅས་བྱས་ཏེ།“སྡུག་བན་ད་པར་ག་པ་དང་། དམག་འཐབ་ཁྱད་པར་འན་པ། བད་བན་ད་པར་བ་པ། མཐུན་སྒྲིལ་ཁྱབ་པར་ཐུབ་པ། གས་ས་ད་པར་འབུལ་བ”བཅས་ཀྱི“ད་ད་པ་ན་གྲས་ཀྱི་ང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་མངོན་པ་བྱ་རྒྱུ་ཡིན་ཞེས་བཤད།

མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད།

ཡུན་ནན་ནི་བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་གྱི་གྲས་ཤིག་ཡིན། བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་བདེ་ཆེན་རྫོང་ནི་ཡུན་ནན་ནས་བོད་དུ་བསྐྱོད་པའི་བྱང་སྒོ་ཆེན་མོ་དེ་རེད། བདེ་ཆེན་རྫོང་གི་རྫོང་དཔོན་སྐལ་བཟང་རྣམ་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་བོད་ལྗོངས་དང་ས་སྦྲེལ་གྱི་ཀྲོའུ་དང་རྫོང་གི་མཉམ་བསྐྲུན་མཉམ་གཏོད་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དམངས་འཚོ་ཟམ་མི་ཆད་པར་འགན་ལེན་དང་ལེགས་སུ་བཏང་སྟེ་ནུས་ཤུཌ་ཡོད་རྒུས་དུས་བདེ་དང་ཞི་མཐུན་གྱི་སྤྱི་ཚོཌ་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་ནས་མང་ཚོགས་ཚོ་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་བོད་འབྲེལ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་དང་འབྲེལ་བ་དམ་ཟབ་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནུས་ཤུཌ་སྔར་བས་ཆེ་བ་འདོན་པ་དང་། ཐབས་ཤེས་དེ་བས་མང་བ་འདོན་པ། རྗེས་མཐུད་རོགས་སྐྱོར་དང་རྒྱབ་སྐྱོར་དེ་བས་མང་བ་བྱེད་པ་བཅས་བྱེད་དགོས་པ་དང་། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་ཡོད། དེ་ནི་གྲོང་ཚོའི་གོམ་སྟབས་རྗེས་མའི་འབད་འཐབ་ཀྱི་ཁ་ཕྱོགས་ཡིན”ཞེས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་གསེར་རྟ་རྫོང་རོགས་ཟ་སྟོད་གྲོང་ཚོའི“90ནང་སྐྱེས་ཀྱི”གྲོང་སྡོད་ཧྲུའུ་ཅི་དང་པོ་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་པ་དང་། ཁོང་གིས་ང་ཚོའི་གྲོང་ཚོར་ཉམས་འགྱུར་ལྡན་པའི་སྒོར་གཞས་ཡོད་ལ། ཚགས་ཤ་དང་ཕྱུར་བ་སོགས་ཟས་རིགས་སྣ་ཚོགས་ཡོད། ད་དུང་ཉེ་འགྲམ་དུ་མཛེས་སྡུག་ལྡན་པའི་འདམ་ར་ཡང་ཡོད། ང་ཚོས་ཁྱད་ལྡན་གྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས་ཡུལ་སྐོར་གྱི་གྲོང་ཚོ་གསར་པ་བཏོད་དེ་གྲོང་མི་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བྱ་རྒྱུ་ཡིན་ཞེས་བཤད།

རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། རི་ཀླུང་བཅས་སྲུང་སྐྱོང་ཡག་པོ་བྱས་ཏེ། དེ་བས་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་སྐྲུན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་དེ་རེད་ཅེས་བསྟན་གནང་ཡོད།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་རྩྭ་ཐང་ཕྱོགས་བསྡུས་ཆེད་ལས་རུ་ཁག་གི་རུ་དཔོན་གཞོན་པ་མཁའ་འགྲོ་ཚེ་རིང་གིས་མྱོང་ཚོར་ཟབ་མོས“ས་མཐོའི་དབུས་སུ་གནས་པའི་གཙང་གསུམ་ཆུ་འགོ་ནི་རང་རྒྱལ་གྱི་སྣོད་བཅུད་བདེ་འཇཌ་སྲུང་ཡོལ་གལ་ཆེན་ཞིག་རེད། ཆུ་འགོ་སྲུང་མཁན་ཞིག་གི་ངོས་ནས་གནས་དེའི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་པའི་དོན་སྙིང་ནི་སྣོད་བཅུད་སླར་གསོའི་གོམ་སྟབས་མགྱོཌ་སུ་གཏོང་བ་ཙམ་མ་ཡིན་པར་འབྲོག་པའི་ཁྱིམ་གཞིས་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་གཏོང་རྒྱུ་དང་། མི་སེར་ཚོའི་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུཌ་དེ་བས་གཅིག་སྒྲིལ་ཡོང་ཆེད་རེད”ཅེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་30ཉིན་འབྱོར་བའི་གློག་འཕྲིན)