《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月31日

⑧ རྟོག་བཟོའི་རྒྱུ་ནོར་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐུབ་པ།

རྟོག་བཟོའི་རྒྱུ་ནོར། འགན་བཅོལ།

དོན་ཚན་བརྒྱ་དང་ཉེར་བདུན་པ། བཅའ་ཁྲིམས་ནང་གྲངས་གཞི་དང་དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་སྲུང་སྐྱོང་ཐད་གཏན་འབེབས་ཡོད་རིགས་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

གསལ་འགྲེལ། གཞོན་ནུ་ཚོས་དྲ་རྒྱའི་རྩེད་འཇོར་རོལ་སྐབས། དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་ཐོན་སྲིད་པས་འདི་དག་དྲ་རྒྱའི་བར་མཐོངས་ནང“རིན་ཐང”ཡོད་ལ་ད་དུང་འགའ་ཞིག“ཉོ་འཚོང”བྱས་ཏེ་དངོས་ཡོད་འཚོ་བའི་ཁྲོད་སྤྱོད་པའི་རྒྱུ་ནོར་ལ་སྒྱུར་གྱི་ཡོད།

རྒྱུ་ནོར་འདི་དག་ལ་སྲུང་སྐྱོང་བྱེད་དགོས་སམ། དེ་སྔ་དེའི་ཐད་རྩོད་གླེང་ཅུང་ཆེན་པོ་ཡོད། འོན་ཀྱང་གྲངས་གཞི་དང་དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་གྱི་རིགས་དང་གྲངས་འབོར་མང་དུ་འགྲོ་བ་དང་བསྟུན་ནས་དེར་སྲུང་སྐྱོང་བྱེད་དགོས་པའི་རེ་འབོད་ཡང་ཆེ་རུ་འགྲོ་བཞིན་ཡོད། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ནང་སྒོ་དབྱེ་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་བཅའ་ཁྲིམས་ནང་རྒྱུ་ནོར་འདི་དག་སྲུང་སྐྱོང་བྱེད་པར་གཏན་འབེབས་ཡོད་རིགས་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས་ལུགས་ཁ་གསལ་བཟོས་ཡོད། འདི་ལྟར་བྱས་ན། སླད་ཕྱིན་ཁྲིམས་འཛུགས་ལ་བར་མཐོངས་འདང་ངེས་བཞག་ཡོད་ལ་གྲངས་གཞི་དང་དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་སྲུང་སྐྱོང་བྱེད་པར་གོང་གནས་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡང་མཁོ་འདོན་བྱས་ཡོད།