《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月31日

ཉིང་ཁྲི་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་དཔལ་འབྱོར་སྟོན་རྟགས་གཙོ་བོ་བརྟན་པོའི་ངང་འཕར་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་8ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉིང་ཁྲི་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་དཔལ་འབྱོར་སྟོན་རྟགས་གཙོ་བོ་བརྟན་པོའི་ངང་འཕར་བ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ། སྤྱི་ཚོགས་འཛད་རྫས་སིལ་ཚོང་གི་བསྡོམས་འབོར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་དཔལ་འབོར་སྟོན་རྟགས་དུས་ཚིགས་གོང་མ་དང་བསྡུར་ན་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་ལ། སྟོན་རྟགས་རེ་ཟུང་གི་འཕར་ཚད་ཆེ་བས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་གྲུབ་ལ་རྨང་གཞི་བརྟན་པོ་བཏིང་བ་རེད།

མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱིས་རྣམ་གྲངས་ཁག་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་93.99%ཟིན་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་50.9ཆག་ནས་མ་དངུལ་གྱིས་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་ཆེད་དོན་སྐུལ་འདེད་ཚོགས་ཆུང་9བཙུགས་ནས་བྱེད་ཐབས་སྔར་བས་ཞིབ་ཕྲར་གཏོང་བར་སྐུལ་འདེད་བཏང་བ་རེད།

ད་ལོ་ཉིང་ཁྲི་གྲོང་ཁྱེར་གྱི་དུས་ཚིགས་གཉིས་པའི་ཡུལ་སྐོར་ཡོང་འབབ་དང་ཡུལ་སྐོར་མི་ཐེངས་ཟླ་གོང་མ་ལས་སོ་སོར་99.49%དང་97.8%ཁག་འཕར་ནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་རེད། “རྒྱུད་གཅིག་དང་རྟེན་གཞི་བཞི”འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་ལོ་སྟོད་དུ་བོད་ཕག་གསོ་ཚགས་ཁྲི་8.6མང་དུ་ཕྱིན་པ་དང་ཇ་ལོ་འདེབས་ཁྱོན་མུའུ་3555.5ཟིན་པ་རེད། གཞན་ཡང་ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་བཏང་ནས“དམངས་འཚོའི་དོན་དངོས་བཅུ”ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། ལས་ཞུགས་སྟོན་རྟགས་ཁག“དུས་ཚོད་ཕྱེད་ཀ་ཡོལ་བ་དང་ལས་འགན་ཕྱེད་ཀ་ལྷག་ཙམ་ལེགས་གྲུབ་ཟིན་པ”རེད། ཁྲོམ་རའི་བྱེད་པོ་ཐོ་འགོད་བྱེད་ཚད་དང་ཐོ་འགོད་མ་རྩ་དུས་མཚུངས་ལས་16.57%དང་382.53%འཕར་བ་རེད། དངུལ་རྩའི་སྡེ་ཚན་ཁག་གིས་འགག་རྩར་དམིགས་ནས་རིམ་རྩིས་བྱས་ན་དཔྱིད་རྨོ་དཔྱིད་གྲབས་དང་ཕྲན་ཚགས་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར་15.62བཏང་ནས་དངུལ་རྩའི་ཞབས་འདེགས་རྒྱུན་མཐུད་ལེགས་སུ་ཕྱིན་པ་རེད།