《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月28日

སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་བྱེད་དགོས།

—— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་དཔྱད་གཏམ་བདུན་པ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

རིག་གནས་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་བླ་སྲོག་ལྟ་བུ་རེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བའི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་རུལ་སུངས་དང་ཉམས་རྒུད་ཀྱི་རིག་གནས་ལས་རྒྱུན་ཆད་མེད་པར་རྣམ་པར་རྒྱལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་འདུ་ཤེས་འཛིན་སྟངས་ཀྱི་ཚབ་རྦད་དེ་བྱས་པའི་ལོ་རྒྱུས་ལམ་བུ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་བསམ་བློ་དང་རིག་གནས་ཀྱི་གོ་རྟོགས་གསར་པ་སད་པ་དང་རིག་གནས་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་རྒྱུན་མི་ཆད་པར་བརྟེན་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བའི་ལོ་རྒྱུས་ལམ་བུ། མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། རིག་གནས་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། བསམ་པའི་འཇིག་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བའི་ལོ་རྒྱུས་ལམ་བུ་བཅས་རེད།

ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་དམངས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་ལྷ་དབང་རིག་གནས་ཀྱི་ལྕགས་སྒྲོག་གཏོར་བ་དང་བཀས་བཀོད་རྒྱུད་འཛིན་གྱི་ལྷ་དབང་རིག་གནས་ཀྱི་སྲིད་དབང་སྒེར་གཅོད་རྩ་མེད་བཏང་བ་བརྒྱུད། བོད་ཀྱི་མི་དམངས་རྣམས་རང་ཉིད་ཀྱི་བསམ་པའི་འཚོ་བ་ཁ་ལོ་སྒྱུར་མཁན་གྱི་བདག་པོ་ངོ་མར་གྱུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་དང་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མངོན་གསལ་དེ་བས་དོད་དུ་སོང་བ་དང་རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བར་བྱས་པའི་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་བྱུང་ནས་ཀྲུང་ཧྭ་མི་རིགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས”སོགས་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་གསར་བརྗེའི་སྙིང་སྟོབས་དག གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དུ་གྱུར་ནས་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་འོད་སྟོང་འཕྲོ་བའི་བྱས་རྗེས་འཇོག་པར་བསམ་པའི་འདེགས་སྐྱོར་ཆེན་པོ་ཞིག་མཁོ་འདོན་བྱུང་བ། རིག་གནས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་སྟེ། མི་རིགས་ཁག་གི་མི་དམངས་རྣམས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་། འཕེལ་རྒྱས། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གསར་གཏོད་བཅས་ཀྱི་བྱེད་པོར་གྱུར་ནས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་ཐུབ་པ་མ་ཟད། རིག་གནས་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོའང་ཕྱིན་ཡོད། ལག་ལེན་གྱི་ཐོག་ནས་ར་འཕྲོད་ཐུབ་པར། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་སྣེ་འདྲེན་འོག བོད་དར་རྒྱས་གོང་འཕེལ་འགྲོ་བར་དེ་བས་རྨང་གཞི་དང་། དེ་བས་རྒྱ་ཁྱབ། དེ་བས་གཏིང་ཟབ་བཅས་ཀྱི་གདེང་ཚོད་བྱུང་ཡོད་ལ། མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འབུངས་བྱེད་པར་དེ་བས་རྨང་གཞི་དང་། དེ་བས་གཏིང་ཟབ། དེ་བས་རྒྱུན་རིང་བཅས་ཀྱི་སྟོབས་ཤུགས་ཀྱང་བྱུང་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་བྱེད་པར། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་དགོས་ཤིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཡག་པོ་དང་། གོ་བ་གཏིང་ཟབ། ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་དགོངས་པ་དང་རིགས་པའི་གཞུང་ལུགས་དག་བསམ་པའི་བརྟེན་ས་དང་། རིགས་པའི་གཞུང་ལུགས་ཀྱི་ཁུངས་བཅོལ་ས། བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་སུ་བརྩིས་ཏེ། གསར་འགྱུར་དྲིལ་བསྒྲགས་དང་། རིག་རྩལ་གསར་རྩོམ། རིག་གནས་སྒྲིག་སྲོལ་སྒྱུར་བཅོས། བསམ་པའི་དཔལ་ཡོན་གཏོད་འཛུགས། དྲ་རྒྱ་འཛུགས་སྐྲུན་དོ་དམ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་ལས་དོན་མཐའ་དག་དང་བྱེད་སྒོ་ཚང་མར་ཁྱབ་པར་བྱེད་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་མཐུན་སྒྲིལ་འབད་འབུངས་ཀྱི་བསམ་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་བྱེད་པར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྣེ་འདྲེན་གྱི་ནུས་པ་ནུས་ཤུགས་ཡོད་རྒུས་འདོན་སྤེལ་བྱེད་དགོས་ཤིང་། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ཁྲིམས་ལུགས་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ནང་མཉམ་འདྲེས་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ནང་མཉམ་འདྲེས། བསམ་པའི་དཔལ་ཡོན་འཛུགས་གཏོད་ཀྱི་ལྷུ་ཚིགས་ཁག་ནང་མཉམ་འདྲེས། སྤྱི་ཚོགས་འཚོ་བའི་ཕྱོགས་གང་ས་ཅི་ཐད་དུ་ཁྱབ་པ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་བྱེད་ཕྱོགས་དང་། བསམ་པའི་ཀ་བརྟེན། བྱ་སྤྱོད་ཀྱི་ཚད་གཞི་བཅས་སུ་འགྱུར་བ་བྱེད་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་བྱེད་པར། མི་དམངས་ཀྱི་རིག་གནས་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་། ང་ཚོས་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་དམངས་ཀྱི་ཆེད་དུ་རིག་གནས་འཕེལ་རྒྱས་གཏོང་བ་དང་། རིག་གནས་འཕེལ་རྒྱས་གཏོང་རིང་མི་དམངས་ལ་བརྟེན་པ། རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་དང་མཉམ་སྤྱོད་ཡོང་བ་བཅས་མཐའ་འཁྱོངས་བྱེད་པ། རིག་གནས་འཕེལ་རྒྱས་ཀྱི་འདུ་ཤེས་གཏོད་པ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ནས་རིག་གནས་དམངས་ཕན་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། མི་རིགས་ཁག་གི་མི་དམངས་ཀྱི་རིམ་པ་མང་བ་དང་། སྣ་ཁ་མང་བ། ཕྱོགས་མང་བ་བཅས་ཀྱི་བསམ་པའི་རིག་གནས་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་བྱེད་པར། གཙོ་རྒྱུན་བསམ་བློ་དང་གླེང་ཕྱོགས་སྔར་བས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས་ཤིང་། ང་ཚོས་ལོ་55རིང་གི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་འོད་སྟོང་འཕྲོ་བའི་ལག་ལེན་དང་བོད་ལྗོངས་འཕེལ་རྒྱས་ཡར་ཐོན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གཞི་བཙུགས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པའི་མཐའ་མའི་རྒྱལ་ཁ་ལེན་པའི་གསོན་ཉམས་དོད་པའི་སློབ་གཞིར་བརྟེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོན་པའི་ངང་ལག་ལེན་བྱུང་ཚུལ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མངོན་གསལ་དོད་པོའི་ལེགས་ཆ་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཚོས་ཀུན་སེམས་གཅིག་སྒྲིལ་ངང་མདུན་དུ་སྐྱོད་པའི་སྟོབས་ཤུགས་ཆེན་པོ་འཕེལ་བར་བྱེད་དགོས།

ལག་ལེན་གསར་གཏོད་བྱེད་རིང་དང་རིག་གནས་གསར་གཏོད་དང་ལོ་རྒྱུས་དར་རྒྱས་གཏོང་རིང་རིག་གནས་དར་རྒྱས་ཡོང་བར་བྱེད་དགོས་ཤིང་། ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་ཤེས་དཔལ་གྱི་རིམ་ཆགས་ཆེན་པོ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཤར་རླུང་ཆེན་པོར་བརྟེན་ན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་གངས་ལྗོངས་ས་མཐོའི་སྣེ་ཁྲིད་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་དུ་བདེ་ཞིང་སྐྱིད་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པར་སྐུལ་མ་ཐེབས་ངེས་ཀྱང་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཚེ་ལྷས་ཞུས)