《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月18日

རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ།

ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་བོད་ལྗོངས་སློབ་གསོ།

↑བོད་ལྗོངས་མི་རིགས་སློབ་ཆེན་གྱི་2018ལོའི་སློབ་མ་ཚོས་སློབ་གྲྭ་ཐོན་རྗེས་སློབ་གྲྭའི་ལྗོན་པའི་བསིལ་གྲིབ་འོག་ནས་སྐྱོད་བཞིན་པ།

↑ མེ་ཏོག་རྫོང་གིས་གཉེར་བའི་རིག་གནས་ལུས་རྩལ་བྱེད་སྒོར་གྲོགས་པོ་ཆུང་ཆུང་ཚོས་ལག་ཏུ་རྒྱལ་དར་ཆུང་ཆུང་ཁྱེར་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པར་བྱེད་པ།

↑ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སྙེ་མོ་ཤང་ཕུགས་རེའི་སློབ་ཆུང་གི་སློབ་མས་ལུས་རྩལ་སློབ་ཚན་འཚོག་བཞིན་པ།

↑ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་སློབ་མས་མེ་ཏོག་སྣོལ་བའི་ལག་རྩལ་སྦྱོང་བཞིན་པ།

↑རྒན་ཕུར་བུ་ལགས་ཀྱིས་སློབ་མ་ཚོར་གཏམ་རྒྱུད་ཤོད་བཞིན་པ།(1975ལོའི་ཟླ་7པར་པར་བླངས)

↑བོད་ལྗོངས་སློབ་ཆེན་གྱི་སློབ་མས་བོད་ཡིག་དཔེ་རྙིང་གྲངས་འཛིན་ཆ་འཕྲིན་ཅན་འབེབས་འཇུག་བྱེད་བཞིན་པ།

↑རྒྱལ་རྩེ་རྫོང་ཕྱུགས་རིགས་རྒྱུད་སྤེལ་ས་ཚིགས་ཀྱིས་ནུས་ཤུགས་ཡོད་རྒུས་ཕྱུགས་རིགས་ལག་རྩལ་མི་སྣ་གསོ་སྐྱོང་བྱེད་བཞིན་པ། (1976ལོའི་ཟླ་8པར་པར་བླངས)

↑ལྷ་ས་གྲོང་ཁྱེར་སློབ་འབྲིང་དྲུག་པའི་སློབ་མ་ཚོས་རྫས་འགྱུར་ཚོད་ལྟ་ཁང་དུ་ཚོད་ལྟ་བྱེད་བཞིན་པ།

རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་གཞི་རྩའི་ལས་འགན་ལ་དམ་པོར་དམིགས་ནས་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ། སློབ་གསོའི“འབད་འབུངས་ཀྱི་ལེའུ”ཡག་པོ་རྩོམ་པ་དམ་འཛིན་བྱ་གཞིར་བྱེད་པ་དང་སློབ་གསོ་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བྱས་པས་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་མ་ཟད། ད་དུང་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ནས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བཟང་པོ་བཏིང་ཡོད་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་2995ཡོད་པ་དང་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་ཁྲི་84.15(དེའི་ནང་ལྗོངས་ཕྱིའི་སློབ་མ་88530ཚུད་ཡོད)ཡོད་པ་རེད། 2019ལོར་ལྗོངས་ཡོངས་ཀྱི་སློབ་ཆུང་གི་སློབ་ལོ་ལོན་པའི་སློབ་མ་སློབ་གྲྭར་ཞུགས་ཚད་99.71%ཟིན་པ་དང་། དམའ་འབྲིང་གི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་102.88%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་86.62%ཟིན་པ། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་47.65%ཟིན་པ། སློབ་ཞུགས་གོང་གི་ལོ་གསུམ་གྱི་སློབ་གསོའི་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་84.42%ཟིན་ཡོད་པ་རེད།

ད་ཆ་སློབ་མ་དེ་བས་མང་བ་ཕུགས་འདུན་མངོན་འགྱུར་བྱ་ཆེད་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།

← འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གི་སློབ་ཆུང་སློབ་མ་ཡེ་ཤེས་ཟླ་བ(གཡས)དང་ཉི་མ་དབྱངས་ཅན(གཡོན)གྱིས་ཡངས་པའི་སློབ་ཁང་དུ་སློབ་མ་ཚོ་དང་མཉམ་དུ་སློབ་གསོ་ལས་བྱུང་བའི་སྤྲོ་སྣང་ཉམས་སུ་མྱོང་བཞིན་པ།