《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月18日

གཟའ་འཁོར་འདིའི་གནམ་གཤིས།

གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།

(2020ལོའི་ཟླ་8ཚེས་17ནས་ཟླ་8ཚེས་23ཉིན་བར)

གཟའ་ཟླ་བ་དང་མིག་དམར་ལ། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཉུང་འཁོར་ནས་མང་དུ་འགྲོ་རྒྱུ།

གཟའ་ལྷག་པ་ནས་ཕུར་བུ་བར། ལྗོངས་ཡོངས་སུ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

གཟའ་པ་སངས་ནས་སྤེན་པ་བར། མངའ་རིས་ཀྱི་ཤར་ལྷོའི་རྒྱུད་དང་། ནག་ཆུ། གཞིས་རྩེ། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁ་ཤས་ལ་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

གཉིས། གྲོས་འགོ

1.ཞིང་ཁུལ་གྱིས་གནམ་གཤིས་ལེགས་པོ་དམ་འཛིན་གྱིས་བརྔ་བསྡུ་དང་གཡུལ་ཁ་གཏོང་བ་སོགས་ཀྱི་ཞིང་ལས་ཡག་པོ་བྱེད་དགོས།

2.གནམ་དྭངས་པ་དང་ཉིན་མོའི་དྲོད་ཚད་འཕར་བས་ས་ཆ་ཁག་གཅིག་ཏུ་གངས་རྡིབ་དང་གངས་བཞུར་གྱི་ས་གཤིས་གནོད་འཚེར་དོགས་ཟོན་བྱེད་དགོས།

3.བོད་ཀྱི་བྱང་ཐང་ས་ཁུལ་དང་གཙང་པོའི་རྒྱུད་དུ་ཕྱི་དྲོ་དུས་ཐུང་གི་གཏད་རྒྱུག་དྲག་པོའི་གནམ་གཤིས་བསྟན་སླ་བས་དོགས་ཟོན་ལ་ཤུགས་སྣོན་རྒྱག་དགོས།