《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月18日

ལག་རྩལ་སྦྱངས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལས་ཞུགས་ཕྱོགས་སྟོན་དུ་འཛིན་པ་དང་ཞབས་འདེགས་དམིགས་ཡུལ་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ། རྩལ་ནུས་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་རྩལ་ནུས་ཅན་གྱི་ཤེས་ལྡན་པ་གསོ་སྦྱོང་བྱས་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་གི་བུ་ཕྲུག་གིས་ལག་རྩལ་ཁོང་དུ་ཆུད་དེ་ལས་ཞུགས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད། འདི་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མས་ཀོ་ཆས་འཚེམ་སྟངས་སྦྱོང་བཞིན་པ།