《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月18日

རང་སྐྱོང་ལྗོངས་ཀྱི་གྲངས་གཞིའི་ཆ་འཕྲིན་ལས་རིགས་མཐུན་ཚོགས་བཙུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་16ཉིན་གནས་ཚུལ་འབྱོར་གསལ། རྒྱལ་ཁབ་ཀྱི་ཆ་འཕྲིན་ཅན་གྱི་འབྲེལ་ཡོད་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རང་ལྗོངས་ཀྱི་མིག་སྔའི་ཆ་འཕྲིན་ཅན་འཛུགས་སྐྱོང་ཐད་ཆ་འཕྲིན་ཐོན་ཁུངས་ཁ་ཐོར་དང་། གྲངས་གཞི་སྒོ་དབྱེ་མཉམ་སྤྱོད་གང་ལེགས་མེད་པ། ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་དཀོན་པ་བཅས་ཀྱི་གནས་སྟངས་ལ་ལེགས་བཅོས་བྱ་ཆེད། ལྗོངས་དམངས་སྲིད་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་གྲངས་གཞིའི་ཆ་འཕྲིན་ལས་རིགས་མཐུན་ཚོགས་བཙུགས་པ་དང་། ཚེས་16ཉིན་ལྷ་སར་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཐུན་ཚོགས་དེ་ནི་ལྗོངས་ཡོངས་ཀྱི་ཆ་འཕྲིན་ཅན་ཁྱབ་ཁོངས་ལས་རིགས་དང་། གྲངས་གཞིའི་དཔལ་འབྱོར་འབྲེལ་ཡོད་ལས་རིགས་ཁེ་ལས། དེ་བཞིན་སློབ་གསོ་དང་ཚན་ཞིབ་སོགས་ཚོགས་པས་འདྲ་མཉམ་དང་། རང་མོས། གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པའི་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་ཚོགས་པའི་རྩ་འཛུགས་ཤིག་ཡིན་པ་དང་། མིག་སྔའི་བར་ཚོགས་མིའི་ཚན་པ་38ཡོད་པ་རེད།