《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月18日

འདི་ལོའི་ཞོ་སྟོན་རིང་།

ལྟད་མོ་བས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་11ཉམས་ལེན་བྱ་ཆོག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་16ཉིན་གནས་ཚུལ་འབྱོར་གསལ། 2020ལོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་19ནས་ཟླ་8ཚེས་25ཉིན་བར་ལྷ་སར་གཉེར་རྒྱུ་ཡིན་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ཟླ་8ཚེས་20ཉིན་བྱང་འདབས་རྟ་རྒྱུག་ཐང་དུ་གཉེར་རྒྱུ་རེད། ཉེ་ཆར། གསར་འགོད་པས་བྱང་འདབས་རྟ་རྒྱུག་ཐང་དུ་བསྐྱོད་དེ་འདི་ལོའི་ལྷ་སའི་ཞོ་སྟོན་རིང་གི་རྟ་རྩལ་འཁྲབ་སྟོན་གྱི་འབྲེལ་ཡོད་གྲ་སྒྲིག་གནས་ཚུལ་ཤེས་རྟོགས་བྱས་པ་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་མ་དང་མི་འདྲ་བར་འདི་ལོའི་རྟ་རྩལ་འཁྲབ་སྟོན་མཇུག་འགྲིལ་རྗེས། ལྟད་མོ་བས་རྟ་རྒྱུག་ཐང་ནས་བི་ཤུ་དང་། རྡོ་འགྱོགས། ཀེ་རོམ། ཤོ་རྩེད་སོགས་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་11ཉམས་ལེན་བྱ་ཆོག་གི་ཡོད་པ་རེད།