《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月18日

ལྗོངས་ཡོངས་ཀྱི“ལྔ་བདུན”ཁྲིམས་ལུགས་ཁྱབ་གདལ་དཔྱད་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོར། རང་ལྗོངས་ཀྱིས“ལྔ་བདུན”ཁྲིམས་ལུགས་ཁྱབ་གདལ་དཔྱད་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་བོད་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཐོ་ཚད་ནས། ཞིབ་དཔྱད་ཞིབ་བཤེར་གྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་དང་། ཞིབ་དཔྱད་ཀྱི་གཙོ་གནད་ཁོང་དུ་བརྟན་པོར་ཆུད་པ། ཞིབ་དཔྱད་ཀྱི་བླང་བྱ་ནན་དུ་གཏོང་བ། ཞིབ་དཔྱད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཏེ། ཞིབ་དཔྱད་བརྒྱུད། གནད་དོན་ཤེས་རྟོགས་དང་། ཉམས་མྱོང་ཕྱོགས་སྡོམ། སྔོན་ཐོན་ཁྱབ་གདལ་གཏོང་བ་བཅས་བརྒྱུད། “ལྔ་བདུན”ཁྲིམས་ལུགས་ཁྱབ་གདལ་གྱི་གྲུབ་འབྲས་ཕྱོགས་ཡོངས་དང་། དངོས་ཡོད། ཡང་དག་པ། བདེན་པ་བཅས་ནས་མཚོན་པར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་བཀོད་སྒྲིག་དོན་འཁྱོལ། སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། དྲིལ་བསྒྲགས་དང་འཕྲིན་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། གཏིང་ཟབ་ནུས་ལྡན་གྱི་ཞིབ་དཔྱད་ཞིབ་བཤེར་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་ལ་ཚད་བརྒལ་གསར་པ་འཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལྔ་བརྒྱད”ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ཡག་པོ་སྒྲུབ་པ་དང་ཁྲིམས་སྐྱོང་བོད་ལྗོངས་དང་ཁྲིམས་སྐྱོང་ཀྲུང་གོ་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།