《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月14日

དམངས་ལ་དྲོ་སྐྱིད་སྦྱིན་མཁན་བཅིངས་འགྲོལ་དམག

—— ནག་ཆུ་དམག་ཁུལ་ཡན་ལག་ཁང་གིས་དབུལ་སྐྱོར་བྱས་པའི་སྐོར་བཀོད་པ།

“ཨ་ཅག་ལགས་ཁྱེད་རང་གིས་གཟིགས་དང་། ཚལ་སོན་འདི་ཡག་པོ་གང་འདྲ་སྐྱེས་མི་འདུག་གམ། འདི་ནི་བཅིངས་འགྲོལ་དམག་མིས་ང་ཚོར་དྲོད་ཁང་ཆེ་མོ་གསར་པ་བརྒྱབ་པ་ལས་བྱུང་བ་རེད”དྲོད་ཁང་ནང་སྐྱེས་པའི་སྔོ་ཐིང་ཐིང་གི་ལྗང་བུར་ལྟ་བཞིན་པའི་སྒྲོལ་མ་དང་བཟའ་ཟླ་ཡེ་ཤེས་རྡོ་རྗེའི་སྐད་ཆ་ལས་ཁོང་གཉིས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་ཚོར་ཐུབ།

སྒྲོལ་མའི་ཁྱིམ་ནག་ཆུ་གྲོང་ཁྱེར་ནག་ཆུ་གྲོང་རྡལ་ཆུ་མགོ་རི་མོ་གྲོང་ཚོར་གནས་པ་དང་གྲོང་ཁུལ་དུ་བསྐྱོད་པར་ཀྱག་ཀྱོག་གི་རི་ལམ་སྤྱི་ལེ་25ཙམ་སྐྱོད་དགོས་ཀྱི་ཡོད། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ་དང་། ས་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་ལོ་ལྟར་བྱེ་རླུང་ལྡངས་ནས་ལོར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་2.9℃ལ་སླེབས་ཤིང་། གནམ་གཤིས་ཆ་རྐྱེན་ཧ་ཅང་ཞན་པས་གྲོང་ཚོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ནག་ཆུ་དམག་ཁུལ་ཡན་ལག་ཁང་གིས་སྔ་རྗེས་སུ་སྒོར་ཁྲི་8ལྷག་ཙམ་བཏང་སྟེ། བཅའ་སྡོད་རོགས་སྐྱོར་བྱ་ཡུལ་གྲོང་ཚོར་དྲོད་ཁང་ཆེ་མོའི་བདག་སྐྱོང་ཁང་དང་ཕྱུགས་ལས་མཉམ་ལས་ཁང་གི་ཁྲོན་པ་སྲུང་སྐྱོང་ཁང་བརྒྱབ་སྟེ། ཡུལ་དེ་གའི་ཡུལ་མིར་དུས་ཡུན་རིང་པོར་སྔོ་ཚལ་སོས་པ་ཟ་རྒྱུ་མེད་པའི་དཀའ་གནད་ཐག་གཅོད་བྱས་པ་རེད།

2018ལོའི་ཟླ་4ནས་བཟུང་། ནག་ཆུ་དམག་ཁུལ་ཡན་ལག་ཁང་གིས་དབུལ་སྐྱོར་བྱེད་པར“གནད་སྨིན”དགོས་ལ“ཕུགས་ཕན”དེ་བས་ཀྱང་དགོས་རྒྱུ་མཐའ་འཁྱོངས་ཀྱིས་རོགས་སྐྱོར་གྱི་ཐབས་ལམ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ་དང་། རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བཅའ་སྡོད་བྱ་ཡུལ་གྱི་ས་ཁུལ་དབུལ་པོའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱེད་པ། དཔུང་སྡེའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། སློབ་གསོ་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། རྩ་འཛུགས་དབུལ་སྐྱོར། སྨན་བཅོས་དབུལ་སྐྱོར། རིག་གནས་དབུལ་སྐྱོར་བཅས“ཕྱོགས་ལྔ་གཞི་གཅིག”གི་གནད་སྨིན་དབུལ་སྐྱོར་གྱི་རྣམ་པ་གཏོད་པ། རིག་གནས་སློབ་རོགས་དང་། ལག་རྩལ་སློབ་རོགས། འཛུགས་སྐྲུན་བྱེད་རོགས། འགྲོ་ལམ་སྐྲུན་རོགས། དྲོད་ཁང་རྒྱག་རོགས། ནད་གཞི་བཅོས་རོགས། སློབ་མར་རྒྱབ་སྐྱོར་སོགས་ཀྱི་རོགས་སྐྱོར་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ། དཔོན་དམག་གིས་བཅའ་སྡོད་བྱ་ཡུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། སེམས་ཁྲལ་སེལ་བ། དྲོ་སྐྱིད་སྦྱིན་པ་བཅས་བྱས་ཏེ། ཁོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རོགས་བྱས་ཡོད། མིག་སྔའི་བར། ནག་ཆུ་དམག་ཁུལ་ཡན་ལག་ཁང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་65བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་བྱས་ཡོད།