《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月14日

གཞི་ཁྱོན་ཅན་གྱི་གསོ་ཚགས་ལས། དམངས་ཕན་འབབ་འཕར་ལམ་གསར་བཏོད།

གད་དམར་ཤང་སྤང་སྦུག་གྲོང་ཚོར་ཡོད་པའི་དིང་རི་རྫོང་ཇོ་མོ་གླང་མའི་གམ་པའི་ལུག་གཞི་ཁྱོན་ཅན་གྱི་གསོ་ཚགས་རྟེན་གཞི་ནི་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་8595བཏང་ནས་བསྐྲུན་པ་དང་། རྣམ་གྲངས་དེ་2019ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་2020ལོའི་ལོ་འགོར་པའེ་ཡ་ཁྲེང་ཚད་ཡོད་ཀུང་སི་དང་རྣམ་གྲངས་གཞན་སྒྱུར་གྱི་གྲོས་མཐུན་བཞག་སྟེ་ཀུང་སི་དེར་སྤྲད་ནས་འཁོར་སྐྱོད་བྱེད་དུ་བཅུག་པ་དང་། རྣམ་གྲངས་དེས་རྫོང་དེ་གའི་ཤང་གྲོང་13གྱི་ལུག་ལ་གཅིག་སྡུད་དུས་ཐུང་གི་སྡོམ་གསོས་རྒྱག་གི་ཡོད་པ་དང་། ལུག་མགོ་གྲངས་8000ལྷག་ཙམ་ཡོད་པ་རེད།

རྣམ་གྲངས་དེ་བསྐྲུན་རྗེས་ལོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་2264ཟིན་ནས་རྫོང་གྲོང་གི་ཡུལ་གཞན་དུ་གནས་སྤོས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་675ཡི་མི་2927གྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད་པ་རེད།

↓འདི་ནི་གསོ་ཚགས་རྟེན་གཞིའི་ཟུར་ཞིག་ཡིན་པ།

↑དོན་གྲུབ་ནི་འདི་ལོའི་ཟླ་4པར་རྟེན་གཞིར་ལས་ཀ་བྱེད་པར་སླེབས་ཤིང་། རྟེན་གཞིའི་འགྲམ་གྱི་སྤང་སྦུག་གྲོང་ཚོ་ནས་རེད། ལུག་གསོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཁོང་ལ་རྟེན་གཞིར་ལས་ཀ་བྱས་པ་ལས་ཟླ་རེར་གླ་ཆ་སྒོར་3500རག་གི་ཡོད་ཅིང་། འདི་ནི་གསོ་ཚགས་རྟེན་གཞིའི་ལས་བཟོ་དོན་གྲུབ་ཀྱིས་ལུག་ལ་གཟན་རྩྭ་སྟེར་བཞིན་པ། (གསར་འགོད་པ། བཀྲ་ཤིས་དཔལ་སྐྱིད)