《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月14日

ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་ཐབས་ལམ་རྒྱ་ཆེར་ཧུར་ཐག་གཏོང་བ་དང་སྲིད་ཇུས་དྲིལ་བསྒྲགས་དང་། རྩལ་ནུས་གསོ་སྦྱོང་། ལས་གནས་སྦྲེལ་མཐུད། ལས་གཏོད་ལས་ཞུགས་ལ་མཛུབ་ཁྲིད་བཅས་བྱེད་ཤུགས་ཆེ་རུ་བཏང་བས། ལས་ཞུགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ལས་ཞུགས་ཀྱི་ལས་དོན་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཡག་པོ་བྱུང་ཡོད། དུས་རབས་གསར་པར་ངལ་རྩོལ་པས་ལས་ཞུགས་ཐད་སྔར་ལས་མཐོ་བའི་བླང་བྱ་གསར་པབཏོན་ཡོད་པས། ང་ཚོས་ལས་ཞུགས་སྔོན་ལ་འཇོག་པའི་ཐབས་ཇུས་དང་ལས་ཞུགས་སྲིད་ཇུས་མཐའ་འཁྱོངས་ཧུར་ཐག་བྱས་ཏེ་སྤུས་ཚད་མཐོ་པོ་དང་དེ་བས་འཐུས་སྒོ་ཚང་བའི་ལས་ཞུགས་ཐུབ་པར་བྱས་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་སྐོང་ཐུབ་པ་བྱེད་དགོས།

གཅིག་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས། སློབ་ཆེན་སློབ་མ་ནི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཀྱི་དམིགས་ཚད་ཡིན་པ་དང་། སློབ་ཆེན་སློབ་མ་ལས་ཞུགས་བརྟན་པོ་ཡོང་བ་དེས་སྤྱི་ཚོགས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དེང་རབས་ཀྱི་ཚན་རྩལ་བྱ་ཐབས་ཧུར་ཐག་སྤྱད་དེ“དྲ་སྦྲེལ+”མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་ཡག་པོ་གཏོད་པ་དང་དུས་ཐོག་ཏུ་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་མཛུབ་ཁྲིད་བྱེད་དགོས། རྨང་གཞིའི་ཆ་འཕྲིན་འཚོལ་བསྡུ་ཡག་པོ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ཆ་འཕྲིན་མཛོད་བཙུགས་ཏེ་མི་གཅིག་ཀྱང་མ་ལུས་པ་དང་ལས་ཞུགས་ཀྱི་གོ་སྐབས་གཅིག་ཀྱང་མི་ཤོར་བ་བྱེད་དགོས།

གཉིས་ནས་ལས་ཞུགས་ལས་གཏོད་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། ལས་ཞུགས་འདེགས་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་ཐོན་ལས་གླིང་འཛུགས་སྐྲུན་ལ་བརྟེན་ནས་རང་འགུལ་ངང་ལས་མི་སྤྱོད་པའི་དགོས་མཁོ་འདྲི་རྩད་བྱེད་པ། ལས་ཞུགས་རོགས་སྐྱོར་ཟླ་བ་དང་། དཔྱིད་རླུང་བྱ་སྤྱོད། དམངས་གཉེར་ཁེ་ལས་ཀྱི་ལས་མི་བསྡུ་བའི་གཟའ་འཁོར་སོགས་ཆེད་དོན་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ། ལས་གནས་གསར་སྤེལ་བརྒྱུད་ལས་ཞུགས་ཀྱི་ཐབས་ལམ་ཚད་གཞི་མཐོ་ཤོས་སྒོ་ནས་རྒྱ་ཆེ་རུ་བཏང་སྟེ་རིགས་ཁག་གི་ངལ་རྩོལ་པ་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།

གསུམ་ནས་འདྲ་མཉམ་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། ལས་ཞུགས་ཐད་འདྲ་མཉམ་མེད་ཚེ་སྤུས་ཚད་མཐོ་བའི་ལས་ཞུགས་བྱེད་མི་ཐུབ། འདྲ་མཉམ་ལས་ཞུགས་བྱེད་པའི་འགན་ལེན་དྲ་བ་དམ་ཚགས་བཟོས་ནས་འདྲ་མཉམ་མེད་པའི་ལས་ཞུགས་སྣང་ཚུལ་མཐའ་གཅིག་ཏུ་འགོག་དགོས། ལས་ཞུགས་འགན་ལེན་གྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འདྲ་མཉམ་ལས་ཞུགས་ཀྱི་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ལས་ཞུགས་ཐད་མཐོང་ཆུང་བྱེད་པའི་སྣང་ཚུལ་དག་མེད་པ་ཧུར་ཐག་བཟོ་བ་བཅས་བྱས་ཏེ་ལས་ཞུགས་ཡག་པོ་ཐུབ་པར་བྱས་ནས་ངལ་རྩོལ་པའི་ལས་ཞུགས་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་དགོས།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)