《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月14日

ནག་ཆུ་གྲོང་ཁྱེར་གྱིས།

དམིགས་བསལ་སྒྲིག་ཆས་བཀོལ་སྤྱོད་མི་སྣ་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དམིགས་བསལ་སྒྲིག་ཆས་བཀོལ་སྤྱོད་ཚན་པའི་དོ་དམ་མི་སྣའི་དོ་དམ་རྩལ་ནུས་དང་བཀོལ་སྤྱོད་མི་སྣའི་ལག་རྩལ་སྔར་བས་ཚད་ལྡན་དུ་གཏོང་བ་དང་ཞིབ་བཤེར་བྱ་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ནག་ཆུ་གྲོང་ཁྱེར་དམིགས་བསལ་སྒྲིག་ཆས་མཐུན་ཚོགས་དང་མཉམ་དུ་སྒྲིག་འཛུགས་བྱས་ནས། ནག་ཆུ་གྲོང་ཁྱེར་དམིགས་བསལ་སྒྲིག་ཆས་བཀོལ་སྤྱོད་མི་སྣའི་གསོ་སྦྱོང་འཛིན་གྲྭ་གཉེར་བས་ཁྱོན་ལས་རིགས་མི་སྣ་50ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་རེད།

གསོ་སྦྱོང་བྱེད་རིང་། རིགས་གཅིག་མཁས་ཅན་གྱིས་བོད་སྐད་དང་རྒྱ་སྐད་གཉིས་ནས《དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས》དང《སོལ་དམ་སྒྲིག་སྦྱོར》སོགས་ཀྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་པ་རེད།

ད་ཐེངས་གསོ་སྦྱོང་བརྒྱུད། ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སྒྲིག་ཆས་ལས་དོན་མི་སྣའི་འགན་འཁྲིའི་འདུ་ཤེས་དང་། བཀོལ་སྤྱོད་ཀྱི་འཇོན་ཐང་། འཕྲལ་སྡོམ་ཐག་གཅོད་ཀྱི་འཇོན་ཐང་བཅས་ཆེ་རུ་ཕྱིན་ནས་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དུས་བབ་མུ་མཐུད་ལེགས་སུ་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།