《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月14日

འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས།

“དངུལ་ཁྲལ་དངུལ་བུན”གྱིས་ཕྲན་ཚེགས་ཁེ་ལས་དཀའ་ངལ་ལས་སྒྲོལ་བར་རོགས་རམ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏོག་གསར་གློ་ཚད་རིམས་ནད་ཀྱིས་རང་ལྗོངས་ཀྱི་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ནས། ཡོང་འབབ་ཆག་པ་དང་དངུལ་སྨར་འཁོར་རྒྱུག་ཛ་དྲག་པ་སོགས་ཀྱི་གནད་དོན་འཕྲད་པས་མ་དངུལ་གྱི་རྒྱབ་སྐྱོར་དགོས་མཁོ་ཆེན་པོ་ཡོད། དེར་བརྟེན་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པ་དང་ཕྲན་ཚེགས་ཁེ་ལས་དཀའ་ངལ་ལས་སྒྲོལ་རྒྱུར་རོགས་རམ་བྱེད་པའི་ཀུན་ཕན་བྱ་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ཡོད།

ད་ལོའི་ཟླ་5པར། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་གྱིས་དྲ་ཐོག་གྲངས་གཞི་ཐད་སྦྲེལ་དང་ལས་སྟེགས་བསྐྲུན་པ་བརྒྱུད། ཕྲན་ཚེགས་ཁེ་ལས་ལ་ཕན་པ་ཐོབ་རྒྱ་ཆེ་རུ་བཏང་སྟེ་ཡིད་རྟོན་ཁྱབ་ཁོངས་ཀྱི་ཁྲལ་འཇལ་ཡིད་རྟོན་རིམ་པ་རྒྱ་ཆེར་བཏང་བ་རེད།

འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ཏེ“དངུལ་ཁྲལ་མཉམ་འགུལ”གྱི་ཁེ་ལས་ལ་ཕན་པ་ཐོབ་རྒྱ་ཆེ་རུ་བཏང་ནས། ཕྲན་ཚེགས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རིམས་ནད་ཐོན་རིང་། རིམ་རྩིས་བྱས་ན་ཁྲལ་འཇལ་རིམ་པ་M C Dབཅས་ཡིན་པའི་ཕྲན་ཚེགས་ཁེ་ལས་68ལ“སྤྲིན་ཚོམ་ཁྲལ་བུན”གྱི་དངུལ་བུན་སྒོར་ཁྲི་5694.6བཏང་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།