《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月14日

ལས་གཏོད་ལ་རམ་འདེགས་བྱས་པ།

—— ཆབ་མདོ་གྲོང་ཁྱེར་གྱིས་ལས་གཏོད་ཁག་ཐེག་དངུལ་བུན་ཐོག་མ་སྤྲད་པའི་སྐོར་བཀོད་པ།

ཉེ་ཆར་མི་དམངས་དངུལ་ཁང་ཆབ་མདོ་ས་ཁུལ་ལྟེ་བའི་ཉིང་ལག་དངུལ་ཁང་གི་སྒྲིག་འཛུཌ་འོག བོད་ལྗོངས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གིས་བྲག་ཡབ་རྫོང་ཀེ་ཆུས་ཚོང་དོན་གསོལ་མགྲོན་ཁང་ལ་ཆབ་མདོ་གྲོང་ཁྱེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་ཐོག་མ་སྒོར་ཁྲི་50བདེ་བླག་ངང་སྤྲད་པ་རེད།

མི་དམངས་དངུལ་ཁང་ཆབ་མདོ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་རྩ་བསྡུ་སྒྲིལ་གྱི་ཡིད་རྟོན་ཆེར་གཏོང་གི་ལྷུ་ཚིགས་ལ་དམིགས་ནས། ས་གནས་སྲིད་གཞུང་རང་བཞིན་གྱི་མ་རྩ་བསྡུ་སྒྲིལ་གྱི་ཁག་ཐེག་སྒྲིག་གཞི་འཛུགས་སྐྱོང་དང་ལས་སྒོའི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། བོད་ལྗོངས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གིས་ཁེ་ལས་དེའི་ཐོག་མའི་ལས་གཏོད་སྐབས་ཀྱི་མ་དངུལ་ཉུང་བའི་དཀའ་ངལ་ནུས་ལྡན་ངང་སེལ་རྒྱུར་ཁྲིད་སྟོན་བྱས་ཏེ་དངུལ་ཁང་དང་ཁེ་ལས་གཉིས་ཕན་གྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་། དངུལ་རྩའི་ཞབས་ཞུ་གསར་གཏོད། སྲིད་ཇུས་ཁག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བྱས་ནས་མི་དམངས་དངུལ་ཁང་ཆབ་མདོ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་འབྲེལ་ཡོད་ཀྱི་ལས་གཏོད་དངུལ་བུན་སྲིད་ཇུས་གསལ་འགྲེལ་དང་། དུས་བབ་གསེད་བཀྲོལ། དཔེ་མཚོན་ཉམས་མྱོང་དང་སྒྲུབ་སྟངས་སོགས་དྲིལ་བསྒྲགས་ཡག་པོ་བྱས་ཤིང་། ལས་གཏོད་བྱེད་པོའི་ལས་གཏོད་དངུལ་བུན་གྱི་མ་དངུལ་ཁྲིམས་མཐུན་ཚད་མཐུན་གྱི་སྒོ་ནས་བེད་སྤྱོད་གཏོང་བར་ཁྲིད་སྟོན་གྱིས་དངུལ་ཁང་དང་ཁེ་ལས་མཉམ་ལས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཧུར་ཐག་བཏོད་པ་རེད།