《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月13日

རང་ལྗོངས་ཀྱིས་ས་ངན་ཡུག་སྦྲེལ་ཁུལ་གྱི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་ཏང་ཡོན་དང་ལས་བྱེད་པར་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ས་ངན་ཡུག་སྦྲེལ་ཁུལ་གྱི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་ལས་བྱེད་པ་དང་ཏང་ཡོན་གྱི་དབུལ་སྒྲོལ་འགག་སྒྲོལ་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་འཚོགས་ཏེ། ས་ངན་ཡུག་སྦྲེལ་ཁུལ་གྱི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ལས་བྱེད་པ་དང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཁོངས་མི། མིང་གྲགས་ལྡན་པའི་ཏང་ཡོན་རྐང་འཛིན་པ་བཅས་150ལ་གསོ་སྦྱོང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནང“མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་པའི”བརྗོད་དོན་གཙོ་བོར་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། བཅའ་ཁྲིམས་དང་ཁྲིམས་སྲོལ། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སོགས་ཀྱི་སློབ་ཚན་འཚོགས་ཏེ་ཆེད་དོན་འཆད་ཁྲིད་དང་། ས་གནས་ས་ཐོག་ཏུ་སློབ་ཁྲིད། གྱོད་དཔེ་སློབ་ཁྲིད་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་འཛིན་གྲྭའི་སློབ་ཚན་ཧྲིལ་པོ་བོད་སྐད་ཐོག་ནས་ཁྲིད་པ་དང་ཚོཌ་ར་གཙོ་བོ་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་བཙུགས་ཤིང་། ལྷོ་ཁ་དང་ཉིང་ཁྲི་གྲོང་ཨུད་ཀྱི་ཏང་གི་སློབ་གྲྭར་བརྙན་ལམ་ཐད་གཏོང་བྱས་པ་དང་འབྲེལ་ས་གནས་ཁག་སོ་སོར་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་པ་རེད།